ཀྲུང་གོ་བོད་ཀྱི་དྲ་བ།

བཟོ་ལས་དང་ཆ་འཕྲིན་པུའུ་ཡིས2025ལོར་གཞི་ཁྱོན་ཡན་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ལ་གྲངས་འཛིན་ཅན་ཁྱབ་གདལ་གཏོང་རྒྱུ་རེད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བཟོ་ལས་དང་ཆ་འཕྲིན་པུའུ་ཡིས་ཚེས14ཉིན《“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིག་ནུས་བཟོ་སྐྲུན་འཕེལ་རྒྱས་འཆར་འགོད(བསམ་འཆར་བསྡུ་ལེན་ཡིག་ཆ)》ལ་ཡོངས་བསྒྲགས་བསམ་འཆར་བསྡུ་ལེན་བྱས་ཤིང་། 2025ལོར། གཞི་ཁྱོན་ཡན་གྱི་བཟོ་སྐྲུན་ཁེ་ལས་སུ་གྲངས་འཛིན་ཅན་ཁྱབ་གདལ་གཏོང་བ་དང་། གཙོ་གནད་ལས་རིགས་ཀྱི་རྐང་འཛིན་ཁེ་ལས་ཀྱིས་ཐོག་མར་རིག་ནུས་རྣམ་པ་བསྒྱུར་བཅོས་མངོན་འགྱུར་བྱེད་དགོས་པའི་བླང་བྱ་བཏོན། 2035ལོར་སླེབས་དུས། གཞི་ཁྱོན་ཡན་གྱི་བཟོ་སྐྲུན་ཁེ་ལས་སུ་ཁྱོན་ཡོངས་ནས་གྲངས་འཛིན་ཅན་མངོན་འགྱུར་བྱ་རྒྱུ་རེད། 

དེ་ལས་གཞན། བཟོ་ལས་དང་ཆ་འཕྲིན་པུའུ་ཡིས2025ལོར་སླེབས་དུས། རིག་ནུས་བཟོ་སྐྲུན་སྒྲིག་ཆས་དང་བཟོ་ལས་མཉེན་ཆས་ལག་རྩལ་ཆུ་ཚད་དང་། ཚོང་རའི་འགྲན་རྩོད་ནུས་ཤུགས་མངོན་གསལ་གྱིས་མཐོར་འདེགས་སུ་བཏང་སྟེ། རྒྱལ་ནང་ཚོང་རའི་ཡིད་ཚིམས་ཚད་སོ་སོར70དང50ལས་བརྒལ་བ་དང་། རིག་ནུས་བཟོ་སྐྲུན་ཁྱབ་ཁོངས་གསར་གཏོད་སྟེགས་བུ་དང་སྤྱི་བའི་ཞབས་ཞུའི་སྟེགས་བུ་སྐོར་ཞིག་འཛུགས་སྐྲུན་བྱས་ཏེ་རྨང་གཞིའི་གཞོགས་འདེགས་སྔར་ལས་སྲ་བརྟན་དུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།