ཀྲུང་གོ་བོད་ཀྱི་དྲ་བ།

དུས་རབས་གསར་བའི་རིག་རྩལ་དཔྱད་བརྗོད་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དུས་རབས་གསར་བའི་རིག་རྩལ་དཔྱད་བརྗོད་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས། ཚོགས་འདུའི་སྟེང་རིག་རྩལ་པའི་མཐུན་ཚོགས་སོ་སོ་དང་ས་གནས་སོ་སོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིག་རྩལ་དཔྱད་བརྗོད་གནས་ཚུལ་ཐད་བརྗེ་རེས་བྱས་པ་དང་། རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་མ་ལག་གི་དུས་རབས་གསར་བའི་རིག་རྩལ་དཔྱད་བརྗོད་བྱ་བར་ཤུགས་སྣོན་པའི་ཐད་བཀོད་སྒྲིག་བྱས།

ཚོགས་ཞུགས་པས་དུས་རབས་གསར་བའི་རིག་རྩལ་དཔྱད་བརྗོད་པའི་བྱ་བའི་རྣམ་པ་གསར་སྐྲུན་བྱེད་པར་གཤམ་གྱི་བྱ་བ་འགའ་དམ་འཛིན་བྱེད་དགོས་པར་འདོད་དེ། གཞུང་ལུགས་ཟབ་སྤེལ་དུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་བྱ་བའི་སྐོར་གྱི་གཞུང་ལུགས་ཞིབ་བརྗོད་དེ་རིག་རྩལ་དཔྱད་བརྗོད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་དགོས། གསར་རྩོམ་སྣེ་ཁྲིད་ལ་དམིགས་ཏེ། རིག་རྩལ་དཔྱད་བརྗོད་ཀྱི་ཤན་ཤུགས་ནུས་པ་མཐོར་འདེགས་སུ་བཏང་ནས། དཀྱིལ་སྙིང་ལས་གནས་འགན་འཁྲི་དང་དམ་དུ་འབྲེལ་ཏེ། གཏན་ཤུགས་དང་འཐབ་རྩོད་ནུས་ཤུགས། ཤུགས་རྐྱེན་ཅུང་ཆེ་བ་ལྡན་པའི་རིག་རྩལ་དཔྱད་བརྗོད་དཔུང་ཁག་འཛུགས་སྐྲུན་བྱེད་དགོས། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་རྩལ་དཔྱད་བརྗོད་རྩ་འཛུགས་སྒྲིག་སྲོལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། རིག་རྩལ་དཔྱད་བརྗོད་པའི་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།