ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་སྒྲུབ་ཁང་གིས་ཨ་རིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་ལ་ཐབས་ལམ་སྣ་ཚོགས་ཀྱིས་གཞུང་ཕྱོགས་འབྲེལ་བ་འཛུགས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཞེས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐའེ་ཝན་འབྲེལ་བའི་ཚད་གཞིའི་པར་གཞི་གསར་བ་ཟེར་བ་ཁྱབ་བསྒྲགས་བྱས་ཤིང་། དེས་ཨ་རི་དང་ཐའེ་ཝན་གྱི་འབྲེལ་བའི་ཚད་འཛིན་ཇེ་ཡངས་སུ་བཏང་ཡོད། དེར་བརྟེན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་སྒྲུབ་ཁང་གི་མགྲིན་ཚབ་པ་མཱ་ཞའོ་ཀོང་གིས་ཚེས13ཉིན་འདྲི་རྟོག་དང་ལེན་བྱས་ནས་བསྟན་དོན། ང་ཚོས་ཨ་རིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་ལ་ཐབས་ལམ་སྣ་ཚོགས་ཀྱིས་གཞུང་ཕྱོགས་འབྲེལ་བ་འཛུགས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བསྟན།

ཁོས་བསྟན་དོན། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རི་བར་གྱི་སྤྱི་བསྒྲགས་གསུམ་བརྩི་སྲུང་ནན་མོ་བྱེད་པ་ནི་ཨ་རི་སྲིད་གཞུང་གིས་ཀྲུང་གོར་ཁས་ལེན་བྱས་པའི་དམ་བཅའ་ཡིན། ང་ཚོས་ཨ་རི་ཕྱོགས་ཀྱིས་དོན་དངོས་བྱ་སྤྱོད་ལ་བརྟེན་ནས་དམ་བཅའ་བརྩི་སྲུང་བྱེད་པ་དང་། ཐའེ་ཝན་རང་བཙན་ཕྱོགས་ཁག་ལ་ནོར་འཁྲུལ་གྱི་བརྡ་རྟགས་མི་སྟོན་པ་པར། དངོས་ཡོད་ཀྱི་བྱ་སྤྱོད་ཀྱིས་ཐའེ་ཝན་མཚོ་འགག་གི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོང་བྱེད་དགོས། དམངས་གཙོ་ཡར་ཐོན་ཏང་གིས་ཨ་རིར་བརྟེན་ནས་རང་བཙན་བྱེད་པའི་ཐབས་ཇུས་ལ་ཕམ་ཉེས་འབྱུང་ཁོ་ཐག་ཡིན་ཞེས་བསྟན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།