ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཆེས་ཆེ་བའི་སྐམ་ལམ་གྱི་ཕྱིར་གཏོང་ནང་འདྲེན་འགག་སྒོའི་ཡོ་རོབ་དབུས་ཁུལ་གྱི་མེ་འཁོར་གཏོང་ཐེངས་ཁྲི1ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན་གྱི་ཆུ་ཚོད12དང་སྐར་མ58སྟེང་། སྐུབ་སྟེགས་དང་པགས་རས། སྟེམ་སྒོ། སྟབས་བདེའི་དྲོད་སྙོམ་འཕྲུལ་ཆས་སོགས་དངོས་ཟོག་རིགས10བླུགས་པའི་དོས་སྒམ61དྲུད་པའི་ཡོ་རོབ་དབུས་རྒྱུད་ཀྱི་མེ་འཁོར་ཞིག་མན་ཇུ་ལི་འགག་སྒོ་ནས་ཕྱིར་གཏོང་བྱས་ཏེ། ཕོ་ལན་རྒྱལ་ཁབ་ཀྱི་མ་ལ་ཧྲོའུ་ཝེ་ཆི་རུ་ཆས། དེར་བརྟེན་མན་ཇུ་ལི་འགག་སྒོ་ནས་ཡོ་རོབ་དབུས་རྒྱུད་དུ་ཕྱིར་གཏོང་བྱས་པའི་མེ་འཁོར་ཐེངས་ཁྲི1ལས་བརྒལ་བ་རེད།

1.jpg

ཟླ4པའི་ཚེས13ཉིན། མེ་འཁོར་ཞིག་མན་ཇུ་ལི་འགག་སྒོ་བརྒྱུད་ནས་ཡོ་རོབ་དབུས་རྒྱུད་དུ་བསྐྱོད་པ།

མིག་སྔར། ཡོ་རོབ་དབུས་རྒྱུད་ཀྱི་མེ་འཁོར་གཏོང་བའི་དགོས་མཁོ་ཆེས་ཆེ་ལ། དུས་ཚིགས་དང་པོར་མན་ཇུ་ལི་འགག་སྒོ་ནས་ཕྱིར་གཏོང་བྱས་པའི་མེ་འཁོར་ཐེངས951ཡོད་པ་དང་།དུས་མཉམ་ལས60.4%འཕར་ཡོད།

ད་ལྟ་མན་ཇུ་ལི་འགག་སྒོ་བརྒྱུད་དེ་ཡོ་རོབ་དབུས་རྒྱུད་དུ་བསྐྱོད་པའི་ལམ་ཐིག52ཡོད་པ་དང་། ཡོ་རོབ་གླིང་གི་རྒྱལ་ཁབ13དང་གྲོང་ཁྱེར28ལ་ཤར་གཏོང་ཐུབ་ལ། དངོས་ཟོག་གཅིག་སྡུད་བྱེད་ས་གཙོ་བོ་ནི་ཐེན་ཅིན་དང་ཁྲང་ཧྲ། ཀོང་ཀྲོའུ། སུའུ་ཀྲོའུ་སོགས་གྲོང་ཁྱེར60ཡོད་ལ། དབོར་འདྲེན་དངོས་ཟོག་རིགས་སྣ་ཚོགས་ཡོད།

2.jpg

འདི་ནི་མན་ཇུ་ལི་ས་ཚིགས་ཀྱི་དོས་སྒམ་རེད།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།