ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་གྲོང་ཁྱེར་སྡོད་དམངས་གསར་བའི་སྡོད་ཁང་གནད་དོན་ཐག་གཅོད་བྱེད་རྒྱུ་རེད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཚེས13ཉིན་ཁྱབ་བསྒྲགས་བྱས་པའི《2021ལོའི་རྣམ་པ་གསར་བའི་མཁར་གྲོང་ཅན་དང་ཤང་གྲོང་མཉམ་འདྲེེས་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན》ལས། མི་གྲངས་འཁོར་རྒྱུག་མང་བ་དང་ཁང་རིན་མཐོ་བའི་གྲོང་ཁྱེར་གཙོ་གནད་དུ་བྱས་ཏེ།འགན་སྲུང་རང་བཞིན་གྱི་གླ་ཁང་མཁོ་འདོན་རྒྱ་བསྐྱེད་དེ། དཀའ་ཁག་ཡོད་པའི་མང་ཚོགས་དང་ཞིང་ལས་གནས་སྤོར་མི་གྲངས། གསར་དུ་ལས་ཞུགས་བྱས་པའི་སློབ་ཆེན་སློབ་མ་སོགས་གྲོང་ཁྱེར་སྡོད་དམངས་གསར་བའི་སྡོད་ཁང་གནད་དོན་ཐག་གཅོད་བྱེད་རྒྱུ་གསལ་བོར་བཏོན་ཡོད།

ལས་འགན་ལས་མི་སྲོག་ཤིང་ཡིན་པའི་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཐབ་ཇུས་ལག་བསྟར་དང་། ཞིང་ལས་གནས་སྤོར་མི་གྲངས་གོ་རིམ་ལྡན་པའི་ངང་གྲོང་ཁྱེར་དུ་མཉམ་འདྲེས་བྱེད་པར་སྐུལ་སྤེལ་བྱེད་པ། གྲོང་ཁྱེར་ཚོགས་པ་དང་གྲོང་ཁྱེར་གྱི་འདེགས་ཤུགས་མཐོ་རུ་བཏང་ནས། གྲོང་ཁྱེར་ཆེ་གྲས་ཀྱི་འཕེལ་རྒྱས་རྣམ་པ་བསྒྱུར་བཅོས་བྱས་ཏེ། གྲོང་ཁྱེར་འཛུགས་སྐྲུན་དང་དེང་རབས་ཅན་གྱི་ཆུ་ཚད་བཅོས་སྐྱོང་མཐོར་འདེགས་སུ་བཏང་ནས། རྫོང་མཁར་སྟེགས་བུ་ཡིན་པའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཤང་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་ལེགས་པོ་རྩོམ་པ་དང་གོམ་པ་ལེགས་པོ་སྤོ་བར་རོགས་འདེགས་བྱེད་དགོས་པའི་བླང་བྱ་བཏོན།

ལས་འགན་ལས་ནན་གྱིས་བསྟན་དོན། གྲོང་ཁྱེར་ཆེ་གྲས་ཀྱི་སྡོད་ཁང་གི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་དགོས། ཁང་བ་ནི་འདུག་ས་ཡིན་པ་ལས། ཕྱིར་འཚོང་གི་ཆེད་དུ་མིན་པའི་ངེས་ཤེས་རྒྱུན་འཁྱོངས་དང་། ཡུལ་བབ་དང་བསྟུན་པ་དང་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་སའི་རིན་གོང་དང་ཁང་རིན་གཏན་འཇགས་དང་སྔོན་དཔག་རྒྱུན་འཁྱོངས་བྱས་ནས། ཁང་སའི་ཐོན་ལས་ཚོང་ར་གཏན་འཇགས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བྱེད་དགོས། སྡོད་ཁང་གླ་བའི་ཚོང་ར་གསོ་སྐྱོང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། གོ་རིམ་ལྡན་པའི་ངང་ནས་གླ་ཁང་གི་མཁོ་འདོན་རྒྱ་བསྐྱེད་དེ། གླ་ཁང་གི་སྲིད་ཇུས་འཐུས་ཚང་དང་། ལུགས་མཐུན་སྒོས་གླ་རིན་ཆུ་ཚད་སྙོམས་སྒྲིག་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།