ཀྲུང་གོ་བོད་ཀྱི་དྲ་བ།

སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་འགན་སྲུང་རང་བཞིན་གྱི་གླ་ཁང་འཕེལ་རྒྱས་སུ་བཏང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་བླང་བྱ་བཏོན་པ་ལྟར་ན། འགན་སྲུང་རང་བཞིན་གྱི་གླ་ཁང་འཕེལ་རྒྱས་སུ་བཏང་སྟེ། གང་ནུས་ཀྱིས་གྲོང་ཁྱེར་གྱི་སྡོད་དམངས་གསར་བ་དང་། ན་གཞོན། སྒོས་སུ་སྤྱི་བའི་ཞབས་ཞུའི་མི་སྣ་སོགས་ཀྱི་ཚོགས་པའི་སྡོད་ཁང་གི་དཀའ་ཁག་སེལ་རོགས་བྱེད་དགོས།

གསར་འགོད་པས་ཚེས12ཉིན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཉེ་ཆར་སྡེ་ཁག་དེས་འགན་སྲུང་རང་བཞིན་གྱི་གླ་ཁང་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་གཞོན་པ་ཉིས་ཧོང་གིས་བཤད་རྒྱུར། འགན་སྲུང་རང་བཞིན་གྱི་གླ་ཁང་འཕེལ་རྒྱས་སུ་གཏོང་བ་ནི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ཞིང་། ས་གནས་སོ་སོས་འགན་སྲུང་རང་བཞིན་གྱི་གླ་ཁང་འཕེལ་རྒྱས་སུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངེས་ཤེས་ཡོད་པར་བྱེད་པ་དང་། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་ཧུར་ཐག་རང་བཞིན་དང་རང་འགུལ་རང་བཞིན་མཐོར་འདེགས་སུ་གཏོང་དགོས་ཟེར།

པེ་ཅིང་དང་ཧྲང་ཧའེ། ཀོང་ཀྲོའུ། ཧྲིན་ཀྲིན། ཧྥུའུ་ཀྲོའུ། ནན་ཉིང་སོགས་གྲོང་ཁྱེར6གི་སྲིད་གཞུང་དང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་སྡེ་ཁག་གི་འགན་ཁུར་བ་བཞུགས་མོལ་ཚོགས་འདུའི་སྟེང་ཞུགས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།