ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་བསྐྱི་དངུལ་སྒོར་དུང་ཕྱུར་ཁྲི7.67འཕར་སྣོན་བྱུང་བ་དེ་གཙོ་བོ་དངོས་གཞིའི་དཔལ་འབྱོར་ལ་གཏོང་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས12ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་དངུལ་རྩའི་བསྡོམས་རྩིས་གཞི་གྲངས་ཁྱབ་བསྒྲགས་བྱས་པ་ལས་མངོན་པར་གཞིགས་ན།  དུས་ཚིགས་དང་པོར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་བསྐྱི་དངུལ་སྒོར་དུང་ཕྱུར་ཁྲི7.67འཕར་བ་དེ། ལོ་སྔོན་མའི་དུས་མཚུངས་ལས་སྒོར་དུང་ཕྱུར5741འཕར་ཡོད།  ཟླ3པར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་བསྐྱི་དངུལ་སྒོར་དུང་ཕྱུར་ཁྲི2.73འཕར་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར1039ཉུང་དུ་སོང་ཡོད།

ཀྲུང་དབྱང་དངུལ་ཁང་གི་གཞི་གྲངས་ཐོག་ནས་མངོན་པ་ལྟར་ན། ཟླ3པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་བསྐྱི་དངུལ་ལྷག་གྲངས་སྒོར་དུང་ཕྱུར་ཁྲི180.41ཟིན་པ་དེ། དུས་མཚུངས་ལས12.6%འཕར་བ་དང་།  འཕར་ཚད་ཟླ་བ་སྔོན་མའི་ཟླ་མཇུག་དང་ལོ་སྔོན་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས0.3དང0.1ཆག་ཡོད་པ་རེད།  དུས་ཚིགས་དང་པོར་དངོས་ཚན་དཔལ་འབྱོར་གྱི་བསྐྱི་དངུལ་གཙོས་པའི་ཁེ་ལས(ལས་དོན)ལས་ཁུངས་ཀྱི་བསྐྱི་དངུལ་སྒོར་དུང་ཕྱུར་ཁྲི5.35མང་དུ་ཕྱིན་པའི་ནང་དུས་ཡུན་རིང་འབྲིང་གི་བསྐྱི་དངུལ་སྒོར་དུང་ཕྱུར་ཁྲི4.47འཕར་ཡོད་པ་རེད།

དངུལ་ལོར་མཁོ་སྤྲོད་ལ་བལྟས་ན། ཟླ3པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་ཁྱབ་ཆེའི་དངུལ་སྒོར(M2)ལྷག་གྲངས་སྒོར་དུང་ཕྱུར་ཁྲི227.65ཟིན་པ་དེ།  དུས་མཚུངས་ལས9.4%འཕར་བ་དང་། འཕར་ཚད་ཟླ་སྔོན་མའི་ཟླ་མཇུག་དང་ལོ་སྔོན་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས0.7ཆག་ཡོད། གུ་དོག་དངུལ་ལོར(M1)ལྷག་གྲངས་སྒོར་དུང་ཕྱུར་ཁྲི61.61ཟིན་པ་དེ།  དུས་མཚུངས་ལས7.1%འཕར་བ་དང་འཕར་ཚད་ཟླ་མཇུག་ལས་བརྒྱ་ཆའི་གྲངས0.3ཆག་ཡོད་པ་དེ་ལོ་སྔོན་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས2.1གིས་མཐོ་བ་རེད།

ཉིན་དེར་ཁྱབ་བསྒྲགས་བྱས་པའི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གྲངས་གཞི་ལས་མངོན་པར།  ཟླ3པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི294.55ཟིན་པ་དེ།  དུས་མཚུངས་ལས12.3%འཕར་ཡོད།  དུས་ཚིགས་དང་པོར་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་མ་རྩ་མཉམ་འདྲེས་ཀྱི་གཞི་ཁྱོན་འཕར་ཚད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི10.24ཟིན་པ་དེ།  ལོ་སྔོན་མའི་དུས་མཚུངས་ལས་སྒོར་དུང་ཕྱུར8730ཉུང་དུ་སོང་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།