ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་གཞུང་སྒྲུབ་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བའི་བརྡ་སྦྱོར་བཏང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་གིས《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་“ནང་ཡང་ཏང་གི་རྗེས་སུ་འབྲངས”བའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་དྲིལ་སྒྲོག་སློབ་གསོ་སྤེལ་བའི་བྱ་འགུལ་ཐད་བཀོད་སྒྲིག་བྱས། 

《བརྡ་སྦྱོར》ལས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ནས། མར་ཁེ་སི་ལའེ་ཉིན་རིང་ལུགས་དང་མའོ་ཙའེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིང་གི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། “ནང་ཡང་ཏང་གི་རྗེས་སུ་འབྲངས་པ”བརྗོད་དོན་དུ་བྱས་ཏེ། རྣམ་པ་འདྲ་མིན་དང་ནང་དོན་ཕུན་སུམ་ཚོགས་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ་དང་། གུང་ཁྲན་ཏང་བཟང་བ་དང་སྤྱི་ཚོགས་རིང་ལུགས་བཟང་བ། བཅོས་བསྒྱུར་སྒོ་འབྱེད་བཟང་བ། རླབས་ཆེའི་མེས་རྒྱལ་བཟང་བ། རིགས་སོ་སོའི་མི་དམངས་བཟང་བའི་དུས་རབས་ཀྱི་བརྗོད་དོན་གླུ་རུ་བླངས་ནས། ཏང་ཡོངས་དང་དམག་དཔུང་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོས་ཐོག་མའི་བསམ་འདུན་མི་བརྗེསད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། ཡར་བརྩོན་དང་དཀའ་བ་ཁྱད་སེལ་གྱིས་ལས་རྐང་གི་ལས་གནས་ལ་རྐང་བཙུགས་ཏེ་བྱས་རྗེས་འཇོག་པ་དང་། ཏང་དང་རྒྱལ་ཁབ་ལ་གཅེས་པ། སྤྱི་ཚོགས་རིང་ལུགས་ལ་གཅེས་པའི་བརྩེ་བ་དེ་དོན་དངོས་སུ་བསྒྱུར་ཏེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་ལེགས་པོ་རྩོམ་པ་དང་གོམ་པ་ལེགས་པོ་སྤོ་བར་ཁག་ཐེག་བྱས་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཧུར་བརྩོན་བྱེད་དགོས་ཞེས་བསྟན། 

《བརྡ་སྦྱོར》ལས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། བསམ་བློའི་ནང་སྙིང་ལ་དོ་སྣང་བྱས་ཏེ། བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཟུང་འབྲེལ་སྒོས། “ཏང་གི་དགྱེས་སྟོན་དང་མི་དམངས་ཀྱི་དུས་ཆེན”གྱི་མཁའ་དབུགས་གསར་སྐྲུན་བྱེད་དགོས། དོན་དངོས་དང་དམ་ཟབ་སྒོས། རྣམ་པ་དང་ཐབས་ལམ་གསར་གཏོད་བྱས་ནས། མང་ཚོགས་ཀྱི་ཉན་སྤྲོ་དང་ཉན་འདོད་པའི་སྐད་ཆ་སྤྱད་དེ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣོན་དང་བདེན་འཚོལ་ལ་ཕན་འབྲས་ལེན་དགོས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་རྩ་དོན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་གཏན་འགོག་བྱེད་དགོས། བདེ་འཇགས་འདུ་ཤེས་འཛུགས་པ་དང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་ནས། བྱ་འགུལ་སོ་སོ་གོ་རིམ་ལྡན་པ་དང་བདེ་འཇགས་ངང་སྤེལ་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།

《བརྡ་སྦྱོར》ལས་ད་དུང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་དྲིལ་སྒྲོག་ཁ་གཡང་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།