ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ་བཟོ་བཅོས་བྱས་རྗེས་ཀྱི་འབྲུ་རིགས་འཁོར་རྒྱུག་དོ་དམ་སྲོལ་ཡིག་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། བཟོ་བཅོས་བྱས་རྗེས་ཀྱི་འབྲུ་རིགས་འཁོར་རྒྱུག་དོ་དམ་སྲོལ་ཡིག་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བའི་ཚེས་བཅོ་ལྔ་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

བཟོ་བཅོས་བྱས་རྗེས་ཀྱི་སྲོལ་ཡིག་ལས་གཙོ་བོ་ཕྱོགས་དྲུག་ནས་འབྲུ་རིགས་འཁོར་རྒྱུག་དོ་དམ་ལ་སྔར་ལས་ཤུགས་སྣོན་དང་དེ་ཚད་ལྡན་དུ་གཏོང་རྒྱུ་གཏན་འཁེལ་བྱས་ཡོད། གཅིག སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་བདག་གཉེར་བྱ་འགུལ་གཟབ་ནན་དང་ཚད་ལྡན་དུ་གཏོང་དགོས། གཉིས། ལྟ་སྐུལ་དོ་དམ་བྱེད་ཐབས་ལེགས་སྒྱུར་བྱེད་དགོས། གསུམ། འབྲུ་རིགས་སྤུས་ཚད་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བ་བཟང་བོར་བསྒྲུབ་དགོས། བཞི། འབྲུ་རིགས་ཐད་གྱོང་གུད་བྱུང་བ་དང་ཆུད་ཟོས་སུ་གཏོང་བ་གཏན་འགོག་དང་ཇེ་ཉུང་དུ་གཏོང་དགོས། ལྔ། ཁྲིམས་འགལ་བྱ་སྤྱོད་ཀྱི་ཆད་གཅོད་ཤུགས་ཚད་ཇེ་ཆེར་གཏོང་དགོས། དྲུག ལྟ་སྐུལ་དོ་དམ་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་དགོས་པ་བཅས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།