ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས2018ལོའི་ཚུན་དུ་མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་དང་གྱོད་གཞི་ནོར་འཁྲུལ་ཅན་ཡོ་བསྲང་བྱས་རིགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཚེས6ཉིན་ཚོགས་འདུ་འཚོགས་ཏེ་འབྲེལ་ཡོད་གཙོ་གནད་ཞིབ་དཔྱོད་བྱ་བ་སྒྲུབ་པར་ལྟ་སྐུལ་བྱས། ཚོགས་འདུའི་ཐོག་ས་གནས་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས2018ལོའི་ཚུན་དུ་མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་དང་གྱོད་གཞི་ནོར་འཁྲུལ་ཅན་ཡོ་བསྲང་བྱས་རིགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་འགན་འཁྲི་བདའ་འདེད་དང་ལས་འགན་བདའ་འདེད་ཀྱི་བསམ་འཆར་འདོན་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། མ་ཉེས་ཁག་གཡོགས་བྱས་པའི་གྱོད་གཞི་ཚབས་ཆེན་གྱི་འགན་འཁྲི་བདའ་འདེད་བྱ་བར་ངེས་པར་དུ་རྗེས་སྙེགས་ཐུབ་པ་བྱས་ནས་འགན་ཤོར་ལས་འཛོལ་དང་ཁྲིམས་འགལ་གྱོད་གཞི་སྒྲུབ་གཉེར་བྱས་ཏེ། ཁྲིམས་ནང་གཏན་འཁེལ་བྱས་པའི་ནོར་འཁྲུལ་ཚབས་ཆེན་རིགས་ལ་ངེས་པར་དུ་འགན་འཁྲི་བདའ་འདེད་དང་ལས་འགན་བདའ་འདེད་བྱེད་དགོས། མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་དང་གྱོད་གཞི་ནོར་འཁྲུལ་ཅན་ཡོ་བསྲང་དང་ཁྲིམས་འཛིན་འགན་འཁྲི་བདའ་འདེད་ཀྱི་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱེད་པ། ཞིབ་དཔྱོད་མི་སྣས་ཞིབ་དཔྱོད་ཀྱི་འགན་འཁྲི་དང་འགལ་བའི་དོགས་ཡོད་ཁུངས་སྣེར་སྤོ་སྐྱེལ་གྱི་ལམ་སྲོལ་འཛུགས་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུ། ཞིབ་དཔྱོད་དཔོན་གྱི་ཆད་གཅོད་བསླབ་འདོམས་ལམ་ལུགས་དང་འབྲེལ་ཡོད་ལམ་ལུགས་འབྲེལ་མཐུད་ཡོང་བ་བཅས་བྱས་ཏེ་ཁྲིམས་འཛིན་འགན་འཁྲི་བདའ་འདེད་ཀྱི་མ་ལག་ཞིག་ཆགས་པར་བྱ་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།