ཀྲུང་གོ་བོད་ཀྱི་དྲ་བ།

ཚེས3ཉིན་རྒྱལ་ཡོངས་ལྕགས་ལམ་གྱི་འགྲུལ་བ་དབོར་སྐྱེལ་བྱེད་ཚད་མི་ཐེངས་ཁྲི1463.6ལ་སླེབས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས3ཉིན་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། ཟླ4པའི་ཚེས3ཉིན། རྒྱལ་ཡོངས་ལྕགས་ལམ་གྱི་འགྲུལ་བ་དབོར་སྐྱེལ་བྱེད་ཚད་མི་ཐེངས་ཁྲི1463.6ལ་སླེབས་པ་དང་། དེས་ད་ལོའི་ཉིན་རེའི་འགྲུལ་བ་དབོར་སྐྱེལ་གྱི་ཆེས་མཐོ་བསྐྲུན་པ་དང་། མེ་འཁོར་ཐེངས963ཁ་སྣོན་བྱས་ཤིང་དབོར་སྐྱེལ་བདེ་འཇགས་བརྟན་བརླིང་ཡིན་ལ་གོ་རིམ་ལྡན། ཟླ4པའི་ཚེས4ཉིན། རྒྱལ་ཡོངས་ལྕགས་ལམ་གྱི་འགྲུལ་བ་དབོར་སྐྱེལ་བྱེད་ཚད་མི་ཐེངས་ཁྲི925ལ་སླེབས་པ་དང་། མེ་འཁོར་ཐེངས660ཁ་སྣོན་བྱས་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།