ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་རུའེ་ལི་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ཟླ4པའི་ཚེས1ཉིན་རུའེ་ལི་གྲོང་ཁྱེར་ཅིང་ཁྲེང་སྨན་ཁང་གི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ས་རུ་སྨན་ལས་མི་སྣས་གྲོང་མིར་རིམས་འགོག་སྨན་ཁབ་རྒྱག་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས1ཉིན་ཡུན་ནན་ཞིང་ཆེན་ཏེ་ཧུང་ཏའེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཁུལ་རུའེ་ལི་གྲོང་ཁྱེར་དུ་ཁྱོན་ཡོངས་ནས་གཞི་ཁྱོན་ཆེ་བའི་མི་ཚོགས་ལ་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་མགོ་བརྩམས་པ་རེད།

འདི་ནི་ཟླ4པའི་ཚེས1ཉིན་རུའེ་ལི་གྲོང་ཁྱེར་ཅིང་ཁྲེང་སྨན་ཁང་གི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ས་རུ་སྨན་ལས་མི་སྣས་གྲོང་མིར་རིམས་འགོག་སྨན་ཁབ་ཀྱི་ཆ་འཕྲིན་གནས་ཚུལ་རྒྱུས་ལོན་བྱེད་དུ་འཇུག་པའི་རྣམ་པ་རེད།

འདི་ནི་ཟླ4པའི་ཚེས1ཉིན་མང་ཚོགས་རྣམས་རུའེ་ལི་གྲོང་ཁྱེར་ཅིང་ཁྲེང་སྨན་ཁང་གི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ས་རུ་གྲལ་བསྒྲིགས་ནས་རིམས་འགོག་སྨན་ཁབ་བརྒྱག་པར་སྒུག་པའི་རྣམ་པ་རེད།

འདི་ནི་ཟླ4པའི་ཚེས1ཉིན་བུད་མེད་ཞིག་གིས་རུའེ་ལི་གྲོང་ཁྱེར་ཅིང་ཁྲེང་སྨན་ཁང་གི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ས་རུ་ཁྲག་ཚད་འཇལ་བའི་རྣམ་པ་རེད།

འདི་ནི་ཟླ4པའི་ཚེས1ཉིན་མང་ཚོགས་རྣམས་རུའེ་ལི་གྲོང་ཁྱེར་ཅིང་ཁྲེང་སྨན་ཁང་གི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ས་རུ་གྲལ་བསྒྲིགས་ནས་རིམས་འགོག་སྨན་ཁབ་བརྒྱག་པར་སྒུག་པའི་རྣམ་པ་རེད།

འདི་ནི་ཟླ4པའི་ཚེས1ཉིན་མང་ཚོགས་རྣམས་རུའེ་ལི་གྲོང་ཁྱེར་ཅིང་ཁྲེང་སྨན་ཁང་གི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ས་རུ་རིམས་འགོག་སྨན་ཁབ་ཀྱི་འབྲེལ་ཡོད་གནས་ཚུལ་འདྲི་བའི་རྣམ་པ་རེད།

འདི་ནི་ཟླ4པའི་ཚེས1ཉིན་རུའེ་ལི་གྲོང་ཁྱེར་ཅིང་ཁྲེང་སྨན་ཁང་གི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ས་རུ་བུད་མེད་ཞིག་གིས་འབྲེལ་ཡོད་ཆ་འཕྲིན་ནང་འཇུག་བྱེད་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།