ཀྲུང་གོ་བོད་ཀྱི་དྲ་བ།

ཟླ4པའི་ཚེས་1ཉིན་ནས་བཟུང་ཕྱི་ཡུལ་གྱི་མེ་ཁུངས་བཅོས་སྐྱོང་དང་རྩད་ཞིབ་སྒྲིག་འགལ་ཆེད་སྤྱོད་བྱ་འགུལ་སྤེལ་རྒྱུ་རེད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ3པའི་ཚེས31ཉིན་འཕྲལ་བསྟུན་དོ་དམ་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། རྒྱལ་ཁབ་ནགས་ཚལ་མེ་འགོག་དོ་དམ་གཞུང་སྒྲུབ་ཁང་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། སྤྱི་བདེ་པུའུ། འཕྲལ་བསྟུན་དོ་དམ་པུའུ་བཅས་ཀྱིས་ཉེ་ཆར་མཉམ་འབྲེལ་སྒོས་བརྡ་སྦྱོར་སྤེལ་ཏེ། ཟླ4པའི་ཚེས1ཉིན་ནས་ཟླ12པའི་ཚེས20ཉིན་བར་དུ་དུས་རིམ་གཉིས་སུ་བགོས་ཏེ་མཉམ་འབྲེལ་སྒོས་ཕྱི་ཡུལ་གྱི་མེ་ཁུངས་བཅོས་སྐྱོང་དང་རྩད་ཞིབ་སྒྲིག་འགལ་ཆེད་སྤྱོད་བྱ་འགུལ་སྤེལ་རྒྱུ་ཐག་བཅད། 

བྱེ་བྲག་གིས་བཤད་ན། དུས་རིམ་དང་པོ་ནི་ཟླ4པའི་ཚེས1ཉིན་ནས་ཟླ5པའི་ཚེས31ཉིན་བར་རྒྱལ་ཡོངས་ཁྱབ་ཁོངས་སུ་ཕྱི་ཡུལ་གྱི་མེ་ཁུངས་བཅོས་སྐྱོང་ཆེད་སྤྱོད་བྱ་འགུལ་སྤེལ་རྒྱུ་དང་།དུས་རིམ་གཉིས་པ་ནི་ཟླ9པའི་ཚེས20ཉིན་ནས་ཟླ12པའི་ཚེས20ཉིན་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྒྲིག་འགལ་མེ་བཀོལ་གྱི་ཆེད་སྤྱོད་བྱ་འགུལ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།