ཀྲུང་གོ་བོད་ཀྱི་དྲ་བ།

ཧྲན་ཞི་ཡན་ཨན་གྱི་གསར་བརྗེའི་གནས་རྙིང་མང་པོ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསོན་ཉམས་ལྡན་པའི་སློབ་ཁང་དུ་གྱུར་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ3པའི་ཚེས28ཉིན་ལྟ་སྐོར་བས་ཧྲན་ཞི་ཡན་ཨན་གྱི་དབྱང་ཅ་ལིང་གསར་བརྗེའི་རྟེན་གཞི་རྙིང་པར་ལྟ་སྐོར་བྱེད་བཞིན་པའི་རྣམ་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བའི་ཚུན་ལ་གསར་བརྗེའི་གནས་མཆོག་སྟེ་ཡན་ཨན་དུ་རྒྱལ་ཡོངས་ས་གནས་ཁག་གི་ལས་བྱེད་མང་ཚོགས་ལ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཡིད་དབང་བཀུག་པ་དང་ཡན་ཨན་གྲོང་ཁྱེར་གྱི་གསར་བརྗེའི་གནས་རྙིང་མང་པོ་ཞིག་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསོན་ཉམས་ལྡན་པའི་སློབ་ཁང་དུ་གྱུར་ཡོད།

ཟླ3པའི་ཚེས28ཉིན་ལྟ་སྐོར་བས་ཧྲན་ཞི་ཡན་ཨན་གྱི་ཙའོ་ཡོན་གསར་བརྗེའི་རྟེན་གཞི་རྙིང་པར་ལྟ་སྐོར་བྱེད་བཞིན་པའི་རྣམ་པ།

ཧྲན་ཞིའི་ཡན་ཨན་མངའ་ཁོངས་སུ་གསར་བརྗེའི་གནས་རྙིང445ཡོད་ལ། དེ་རྣམས་ནི་ཀྲུང་གོའི་ཉར་ཚགས་ཆ་ཚང་ཡིན་ཞིང་གཞི་ཁྱོན་ཆེ་བའི་གསར་བརྗེའི་གནའ་ཤུལ་ཚོགས་པ་རེད། ཉེ་བའི་ལོ་ཤས་རིང་ཡན་ཨན་གྲོང་ཁྱེར་གྱིས་གསར་བརྗེའི་རིག་དངོས་སྲུང་སྐྱོང་འདུ་ཤེས་དང་དོ་དམ་ཆུ་ཚད་མུ་མཐུད་དུ་མཐོ་རུ་བཏང་ཞིང་། 2019ལོར་པའོ་ཐ་ཧྲན་རི་བོ་དང་ཙའོ་ཡོན་གསར་བརྗེའི་གནས་རྙིང་། དབྱང་ཅ་ལིང་གསར་བརྗེའི་གནས་རྙིང་སོགས་ཚུད་པའི་ཡན་ཨན་གསར་བརྗེའི་དྲན་གསོའི་གནས་རྙིང་མཛེས་ལྗོངས་ཁུལ་ལ་རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གཏན་འཁེལ་བྱས། །

ཟླ3པའི་ཚེས30ཉིན་ལྟ་སྐོར་བས་ཧྲན་ཞི་ཡན་ཨན་གྱི་ཙའོ་ཡོན་གསར་བརྗེའི་རྟེན་གཞི་རྙིང་པར་ལྟ་སྐོར་བྱེད་བཞིན་པའི་རྣམ་པ།

ཟླ3པའི་ཚེས30ཉིན་ལྟ་སྐོར་བས་པའོ་ཐ་ཧྲན་རི་བོར་ལྟ་སྐོར་བྱེད་བཞིན་པའི་རྣམ་པ།

ཟླ3པའི་ཚེས30ཉིན་ལྟ་སྐོར་བས་ཧྲན་ཞི་ཡན་ཨན་གྱི་ཙའོ་ཡོན་གསར་བརྗེའི་རྟེན་གཞི་རྙིང་པར་ལྟ་སྐོར་བྱེད་བཞིན་པའི་རྣམ་པ།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།