ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་དོ་སྣང་བྱེད་པའི་ཐད་ཀྱི་རྣམ་བཤད་གནད་བསྡུས》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་དོ་སྣང་བྱེད་པའི་ཐད་ཀྱི་རྣམ་བཤད་གནད་བསྡུས》ཞེས་པའི་དཔེ་དེབ། ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་གཞི་རྩའི་ཕྲ་ཕུང་ལྟ་བུ་ཡིན་ཞིང་། ཁྱིམ་ཚང་གི་མདུན་ལམ་དང་ལས་དབང་དེ་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་དམ་པོར་འབྲེལ་ཡོད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་ཁྱིམ་ཚང་འཛུགས་སྐྱོང་ཐད་ཀྱི་རེ་སྒུག་གསར་པ་དང་དགོས་མཁོ་གསར་པར་ཧུར་ཐག་གིས་བརྡ་ལན་གནང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྱིམ་ཚང་དུ་རྩ་བ་ཚུགས་རྒྱུར་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་གི་དཔལ་ཡོན་གྱི་དར་སྲོལ་གསར་པ་ཆགས་རྒྱུར་སྐུལ་འདེད་བཏང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཁྱིམ་ཚང་ལ་དོ་སྣང་དང་། ཁྱིམ་ཚང་གི་སློབ་གསོར་དོ་སྣང་། ཁྱིམ་སྲོལ་འཛུགས་སྐྱོང་ལ་དོ་སྣང་བྱེད་པ་བཅས་ཀྱི་ཐད་བཏོན་པའི་རྒྱས་བཤད་གལ་ཆེན་རབ་དང་རིམ་པར་དམིགས་ནས་ཕུགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། བསམ་བློ་ཟབ་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ལས་རིགས་སོ་སོ་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྱོང་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ། ཁྱིམ་ཚང་ཁྲི་སྟོང་མང་པོ་རྒྱལ་ཁབ་འཕེལ་རྒྱས་དང་། མི་རིགས་ཡར་ཐོན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྨང་གཞི་གལ་ཆེན་དུ་ཧུར་ཐག་གིས་འགྱུར་བར་བྱེད་པ་དང་། མི་སྒེར་གྱི་ཕུགས་འདུན་དང་ཁྱིམ་ཚང་གི་ཕུགས་འདུན་དེ་རྒྱལ་ཁབ་ཀྱི་ཕུགས་འདུན་དང་མི་རིགས་ཀྱི་ཕུགས་འདུན་ཁྲོད་མཉམ་འདྲེས་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན།

《རྣམ་བཤད་གནད་བསྡུས》དེ་ཆེད་དོན7ལ་དབྱེ་ནས་ཁྱོན་བསྡོམས་རྒྱས་བཤད་ཁག107ཡོད་པ་དེ་དག་བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ11པའི་ཚེས15ཉིན་ནས2020ལོའི་ཟླ12པའི་ཚེས28ཉིན་བར་གྱི་སྙན་སྒྲོན་དང་། གསུང་བཤད། གླེང་མོལ། གསལ་བཤད། དྲིས་ལན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན60ལྷག་ཙམ་ནས་བསྡུས་ཤིང་། དེའི་ནང་གི་རྣམ་བཤད་སྐོར་ཞིག་ཐེངས་དང་པོར་ཡོངས་བསྒྲགས་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།