ཀྲུང་གོ་བོད་ཀྱི་དྲ་བ།

ཟླ1པོ་ནས་ཟླ2པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་ལྡབ1.79འཕར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཚེས27ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ1པོ་ནས་ཟླ2པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་སྒོར་དུང་ཕྱུར11140.1མངོན་འགྱུར་བྱས་ཏེ། དུས་མཉམ་ལས་ལྡབ1.79འཕར་བ་དང་། དེ2019ལོའི་ཟླ1པོ་ནས་ཟླ2པ་དང་བསྡུར་ན72.1%འཕར་ཡོད་ཅིང་། ལོ་གཉིས་ལ་ཆ་སྙོམས་ཀྱིས31.2%འཕར་ཏེ། ན་ནིང་ལོ་སྨད་ནས་བཟུང་མགྱོགས་མྱུར་ངང་འཕར་སྣོན་བྱུང་བའི་རྣམ་པ་ཡག་པོ་རྒྱུན་འཁྱོངས་བྱས་ཡོད།

ད་ལོའི་ཟླ་སྔོན་མ་གཉིས་ཀྱི་ནང་བཅུ་ཆའི་དགུ་ཡན་གྱི་ལས་རིགས་ཀྱི་ཁེ་སྤོགས་འཕར་ཡོད་པ་དང་། བཅུ་ཆའི་དྲུག་གི་ལས་རིགས་ཀྱིས་ཁེ་སྤོགས་ལྡབ་འགྱུར་གྱི་འཕར་ཡོད། བཟོ་ལས་རིགས་ཆེན་པོའི་ལས་རིགས41ཁྲོད། ལས་རིགས38ཀྱི་ཁེ་སྤོགས་སྤྱི་འབོར་དུས་མཉམ་ལས་འཕར་སྣོན་བྱུང་སྟེ། ལས་རིགས་ཀྱི་འཕར་བའི་ཁེབས་ཚད་བཅུ་ཆའི་དགུ་ལས་བརྒལ་ཡོད། དེའི་ཁྲོད། ལས་རིགས24ཡི་ཁེ་སྤོགས་ཀྱི་འཕར་ཚད100%ལས་བརྒལ་ཡོད། ལོ་གཉིས་གཞི་གྲངས་ལ་ཆ་སྙོམས་ཀྱིས་བལྟས་ན། ལས་རིགས32ཀྱི་ཁེ་སྤོགས་འཕར་སྣོན་བྱུང་སྟེ། འཕར་བའི་ཁེབས་ཚད78%ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།