ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། གསར་བཟོ་ལས་རིགས་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་ཁ་སྣོན་འཕྲི་འཐེན་བསྡུར་ཚད་ཇེ་མཐོར་གཏོང་བ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ནས། ཁེ་ལས་ཀྱིས་གསར་སྐྲུན་བྱེད་པར་སྐུལ་མ་གཏོང་བ་དང་ཐོན་ལས་རིམ་འཕར་ལ་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་ཤིང་། ཀུན་ཕན་ཁེ་ལས་ཆུང་བས་བསྐྱི་དངུལ་དང་སྐྱེད་ཀ་ཕྱིར་སྤྲོད་པའི་དུས་ཡུན་ཇེ་རིང་དུ་གཏོང་བའི་སྲིད་ཇུས་དང་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་འཆར་འགོད་ད་ལོའི་ལོ་མཇུག་བར་དུ་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཁེ་ལས་གསར་སྐྲུན་གྱི་གཙོ་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ། ཚོང་ར་ཅན་དང་འདྲ་མཉམ་ཀུན་ཕན་སྐུལ་ལྕག་སྲིད་ཇུས་བཀོལ་སྤྱོད་བྱེད་པ་དང་། ཁེ་ལས་དང་སྤྱི་ཚོགས་ཡོངས་ཀྱིས་མཉམ་འབྲེལ་སྒོས་ཞིབ་འཇུག་དང་གསར་སྤེལ་དངུལ་གཏོང་ལ་ཤུགས་སྣོན་དགོས་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་གཏིང་ཤུགས་ཇེ་ཆེར་གཏོང་བ་དང་། དཔལ་འབྱོར་སྒྲིག་གཞི་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཁེ་ལས་ཆུང་བར་དངུལ་རྩས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆུང་དུ་མི་གཏོང་བ་ཁག་ཐེག་བྱེད་པ་དང་། ཁེ་ལས་ཆུང་བའི་དངུལ་བསྡུ་སྔར་ལས་སྟབས་བདེ་དང་ཕྱོགས་བསྡུས་དངུལ་བསྡུའི་མ་རྩ་བརྟན་འཇགས་ཁྲོད་དུ་ཇེ་དམའ་རུ་གཏོང་བར་འགན་སྲུང་བྱེད་ཆེད། ཚོགས་ཐོག་ནས་ཐད་སྟེར་དངུལ་ལོར་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་དུས་ཡུན་དེ་ད་ལོའི་ལོ་མཇུག་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། ལས་རིགས་སློབ་གསོ་ལེགས་སྒྲུབ་བྱེད་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རེ་བ་དང་མཐུན་པར་བྱས་ཏེ། བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་ལས་ཞུགས་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ནས། ལས་ཞུགས་སྒྲིག་གཞི་རང་བཞིན་གྱི་འགལ་བ་ཞི་འཇགས་སུ་གཏོང་བ་དང་ལས་ཞུགས་སྤུས་ཚད་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར། ཚོགས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལས་རིགས་སློབ་གསོའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་ནས་གྲོས་ཞིབ་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།