ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཧན་དུ་ལོ60ཡན་གྱི་མི་ཚོགས་ལ་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་མགོ་ཚུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས24ཉིན་གསར་འགོད་པས་ཝུའུ་ཧན་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཝུའུ་ཧན་དུ་ལོ60ཡན་གྱི་མི་ཚོགས་ལ་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་མགོ་ཚུགས་པ་རེད། པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རིན་མེད་ངང་བརྒྱབ་པ་ནས་བཟུང་། ཝུའུ་ཧན་གྲོང་ཁྱེར་གྱི་ཡུལ་མིའི་རིམས་འགོག་སྨན་ཁབ་རྒྱག་པའི་དགོས་མཁོ་མངོན་གསལ་སྒོས་ཆེ་རུ་ཕྱིན་ཅིང་། ཆུས་ཁག་གིས་གནས་སྐབས་ཀྱི་སྨན་ཁབ་རྒྱག་ས་ཇེ་མང་དུ་བཏང་བ་མ་ཟད། ཞབས་ཞུའི་དུས་ཚོད་ཀྱང་ཇེ་རིང་དུ་བཏང་སྟེ་སྨན་ཁབ་རྒྱག་པར་སྟབས་བདེ་བསྐྲུན། ཉེ་ཆར་ཝུའུ་ཧན་གྲོང་ཁྱེར་གྱི་དངོས་ཡོད་གནས་ཚུལ་དང་སྔོན་འགོག་ཚོད་འཛིན་བྱ་བའི་དགོས་མཁོ་གཞིར་བཟུང་། ལོ18ཡན་གྱི་མི་ཚོགས་ཀྱིས་ཁ་པར་བརྒྱུད་ནས་སྨན་ཁབ་རྒྱག་པའི་སྡེ་ཁག་ལ་སྔོན་མངགས་སམ་ཡུལ་དངོས་ནས་སྔོན་མངགས། ཡང་ན་ལག་ཐོགས་ཁ་པར་གྱི་བྱ་རིམ་ཆུང་བ་བརྒྱུད་དེ་དྲ་ཐོག་ནས་སྔོན་མངགས་བྱས་ཏེ་དུས་ཚོད་ལྟར་རིམས་འགོག་སྨན་ཁབ་བརྒྱག་ཆོག་པ་རེད། ཟླ3པའི་ཚེས24ཉིན་གྱི་ཆུ་ཚོད12བར་ཝུའུ་ཧན་གྲོང་ཁྱེར་དུ་རིམ་རྩིས་བྱས་ན་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་མི་ཁྲི170ལྷག་ལ་བརྒྱབ་ཟིན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།