ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་འགུལ་སྐྱོད་ཆེན་པོ་དགུ་ལག་བསྟར་བྱས་ཏེ་བཟོ་སྐྲུན་ལས་རིགས་ཀྱི་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས23ཉིན་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག13གྱིས་བསམ་འཆར་བཏོན་ནས་བཟོ་སྐྲུན་ལས་རིགས་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། བཟོ་སྐྲུན་ལས་རིགས་ཀྱི་བྱེད་སྟངས་ཆེན་པོ་དགུ་ལག་བསྟར་བྱེད་རྒྱུ་གཏན་འཁེལ་བྱས་ཤིང་། བཟོ་སྐྲུན་ལས་རིགས་དང་བཟོ་སྐྲུན་ཞབས་ཞུ་ལས་རིགས་གཉིས་མཉམ་འདྲེས་བྱེད་པ་མངོན་འགྱུར་བྱུང་བར་སྐུལ་འདེད་བཏང་།

《མགྱོགས་མྱུར་སྒོས་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》ལྟར། རང་རྒྱལ་གྱིས་མགྱོགས་མྱུར་སྒོས་བཟོ་སྐྲུན་ཞབས་ཞུ་ལས་རིགས་འཕེལ་རྒྱས་ཀྱི་ཆེད་སྤྱོད་བྱེད་སྟངས་སོགས་དམ་འཛིན་དང་། གཅིག་གྱུར་འཆར་འགོད། གཙོ་གནད་ཚད་བརྒལ་བྱས་ཏེ། བཟོ་སྐྲུན་ལས་རིགས་གསོ་སྐྱོང་བྱེད་པ། མཉམ་འདྲེས་འཕེལ་རྒྱས་ཚོད་ལྟའི་དཔེ་སྟོན་དང་། ཀྲུང་གོའི་བཟོ་སྐྲུན་ཟོང་རྟགས་གསོ་སྐྱོང་དང་། བཟོ་སྐྲུན་ལས་རིགས་རིག་ནུས་རྣམ་པ་བསྒྱུར་བཅོས། བཟོ་སྐྲུན་ལས་རིགས་གསར་སྤེལ་འཆར་འགོད་ཀྱི་ནུས་ཤུགས་མཐོར་འདེགས། བཟོ་སྐྲུན་ལས་རིགས་བཙོག་མེད་བཟོ་བཅོས་བྱེད་སྟངས། བཟོ་སྐྲུན་ལས་རིགས་ཀྱི་མཁོ་འདོན་གསར་གཏོད་འཕེལ་རྒྱས། དེ་མིན་བཟོ་སྐྲུན་ལས་རིགས་ཀྱི་ཚད་ལྡན་མ་ལག་འཛུགས་སྐྲུན། བཟོ་སྐྲུན་ལས་རིགས་རྩིས་ལེན་ནུས་ཤུགས་ཇེ་མཐོར་གཏོང་རྒྱུ་རེད། །

བསམ་འཆར་ལས། རང་རྒྱལ་གྱིས་བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་འདོན་སྤྲོད་སྤུས་ཚད་ཇེ་ལེགས་སུ་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་ཕན་ནུས་མཐོར་འདེགས། གཞོགས་འདེགས་བཟོ་སྐྲུན་ལས་རིགས་བཙོག་མེད་འཕེལ་རྒྱས། བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་གསོན་ཤུགས་མཐོར་འདེགས་སུ་གཏོང་བ་དང་། བཟོ་སྐྲུན་རིགས་ཀྱི་འདོན་སྤྲོད་གསར་གཏོད་བེད་སྤྱོད་བཅས་ཕྱོགས6ནས་བཟོ་སྐྲུན་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་ཞབས་ཞུའི་འདོན་སྤྲོད་ཀྱིས་བཟོ་སྐྲུན་ལས་རིགས་ཀྱི་རྣམ་པ་རིམ་སྤར་དང་སྤུས་ཚད་མཐོར་འདེགས་ལ་སྣེ་ཁྲིད་བྱ་རྒྱུ་རེད།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།