ཀྲུང་གོ་བོད་ཀྱི་དྲ་བ།

རིམ་པ་གཉིས་ཡན་གྱི་སྨན་ཁང7700ལྷག་གིས་དུས་ཆད་འདེབས་པའི་བརྟག་དཔྱད་ལམ་ལུགས་བཙུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། “འཕྲིན་སྦྲེལ་དྲ་བ+སྨན་བཅོས་བདེ་ཐང”གི་འཕེལ་རྒྱས་ཀྱི་སྲིད་ཇུས་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་ཡིན་ཞིང་། མིག་སྔར་རང་རྒྱལ་གྱི་རིམ་པ་གཉིས་ཡན་གྱི་སྨན་ཁང7700ལྷག་གིས་དུས་ཆད་འདེབས་པའི་བརྟག་དཔྱད་ལམ་ལུགས་བཙུགས་ཏེ། ཡུལ་དངོས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། རྒྱལ་ཡོངས་སུ་འཕྲིན་སྦྲེལ་དྲ་བའི་སྨན་ཁང1100ལས་བརྒལ་བ་སྐྲུན་ཡོད།

རྒྱུས་ལོན་པ་ལྟར་ན། “འཕྲིན་སྦྲེལ་དྲ་བ+སྨན་བཅོས་བདེ་ཐང”གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས་རྗེས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ས་གནས་སོ་སོས་མགྱོགས་མྱུར་ངང་འགུལ་སྐྱོད་སྤེལ་ཏེ་གསར་སྐྲུན་དངོས་འབེབས་དང་། མང་ཚོགས་ཀྱིས་ནད་ལྟ་དཀའ་བའི་གནད་དོན་ལ་དམིགས་ཏེ། དམངས་ཕན་དང་དམངས་ལ་སྟབས་བདེ་བཟོ་བའི་ཞབས་ཞུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།  བྱེད་ཐབས་རབ་དང་རིམ་པར་ཕན་འབྲས་དངོས་ཐོབ་པར་མཛུབ་སྟོན་བྱས།

ཆ་འཕྲིན་ལག་རྩལ་གྱི་འདེགས་སྐྱོར་དང་བདེ་འཇགས་ལྟ་སྐུལ་ཚད་མཐའ་སྲུང་བའི་ཕྱོགས་ནས། རྒྱལ་ཁབ་དམངས་ཡོངས་བདེ་ཐང་ཆ་འཕྲིན་སྟེགས་བུ་ཕལ་ཆེན་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་མ་ཟད་འཁོར་སྐྱོད་བྱེད་མགོ་བརྩམས། རིམ་པ་གཉིས་ཡན་གྱི་གཞུང་བཙུགས་སྨན་ཁང7000ལྷག་གིས་ཞིང་ཆེན་གཅིག་གྱུར་ས་ཁོངས་ཀྱི་སྟེགས་བུ་མཐུད་པ་དང་། རིམ་པ་གསུམ་ཅན་གྱི་གཞུང་བཙུགས་སྨན་ཁང2200ལྷག་གིས་སྨན་ཁང་ནང་ཁུལ་གྱི་ཆ་འཕྲིན་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱས་ལ། ཞིང་ཆེན30ལྷག་གིས་འཕྲིན་སྦྲེལ་དྲ་བའི་སྨན་བཅོས་ཞབས་ཞུ་ལྟ་སྐུལ་སྟེགས་བུ་བཙུགས་ནས། ལྟ་སྐུལ་དོ་དམ་གྱི་ནུས་ཤུགས་ཇེ་མཐོར་བཏང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།