ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཧི་པེ་དང་ནང་སོག ཧུའུ་པེ་བཅས་ནས་སྙན་ཞུ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་དགུ་ཉིན་དང་ཚེས་ཉི་ཤུ་ཉིན་གཉིས་ལ། ཏང་གི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་སོ་སོར་ཧི་པེ་དང་ནང་སོག ཧུའུ་པེ་བཅས་ནས་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་བསྡུས་པ་དང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ད་དུང་ཞིང་སྡེ་དང་བཟོ་གྲྭ སློབ་གྲྭ་བཅས་ལ་སོང་ནས་བཞུགས་མོལ་བརྗེ་རེས་བྱས།

ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གི་སྔོན་ཆད་ཀྱི་ཨུ་ཡོན་ཀྲང་ཧྲུའུ་ཅུན་གྱིས་ཧི་པེ་ནས་ཆེད་དོན་སྒྲོག་འགྲེལ་སྙན་ཞུ་སྤེལ་བ་མ་ཟད། ཕིང་ཧྲན་རྫོང་ཞི་པེ་ཕའོ་གྲོང་རྡལ་པེ་ཀྲུང་སྡེ་བ་རུ་སོང་ནས། གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་བརྗེ་རེས་བྱས།

ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་སློབ་གྲྭ་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་དཔྱོད་པུའུ་ཡི་ཀྲུའུ་རིན་ལའོ་ཕིང་ཧྭན་གྱིས་ནང་སོག་རང་སྐྱོང་ལྗོངས་མཁར་སྔོན་པོ་ནས་སྒྲོག་འགྲེལ་སྙན་ཞུ་སྤེལ། ལའོ་ཕིང་ཧྭན་ད་དུང་པོ་ཐིག་གྲོང་ཁྱེར་དུ་སོང་ནས། པོ་ཐིག་དགེ་ཐོན་སློབ་གླིང་གི་དགེ་སློབ་འཐུས་ཚབ་མི་སྣ་དང་བཞུགས་མོལ་བྱས་པ་དང་། ཡུལ་དངོས་ནས་ལས་བཟོ་བ་དང་བརྗེ་རེས་བྱས།

ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དོན་ཚན་རིག་གླིང་གི་ཡོན་ཀྲང་གཞོན་པ་ཆུའུ་ཨེ་ཀའོ་ཡིས་ཧུའུ་པེ་ཝུའུ་ཧན་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ། ཆུའུ་ཨེ་ཀའོ་ད་དུང་ཀྲུང་དབྱང་ཞིང་བའི་ལས་འགུལ་ཁྲིད་སྦྱོང་ཁང་གི་གནས་རྙིང་དང་མའོ་ཙེ་ཏུང་གི་བཞུགས་ཤག་རྙིང་པ། ཝུའུ་ཧན་སློབ་ཆེན་སོགས་ལ་སོང་ནས། གཞི་རིམ་ཏང་ཡོན་དང་མང་ཚོགས། དགེ་སློབ་འཐུས་ཚབ་མི་སྣ་བཅས་དང་བརྗེ་རེས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།