ཀྲུང་གོ་བོད་ཀྱི་དྲ་བ།

​ཧན་ཀྲིན་གྱིས་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་བཞུགས་མོལ་ཚོགས་འདུ་བསྡུས་ནས་འབྲེལ་ཡོད་བྱ་བ་དངོས་འབེབ་བྱེད་པར་བཀོད་སྒྲིག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1616029236362131.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་བཅུ་དྲུག་ཉིན་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པར་མ་ཟད། ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་རྩ་གནད་ཀྱི་འབྲེལ་ཡོད་བྱ་བ་དངོས་འབེབ་བྱེད་པར་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བཟང་བོ་བྱེད་པ་དང་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་སྲ་བརྟན་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་བའི་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་བཅས་གཙོ་གནད་གསུམ་དམ་པོར་བཟུང་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་བཟང་བོ་རྩོམ་པར་ཁག་ཐེག་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཕྱོགས་སོ་སོའི་བྱ་བ་ནུས་ཡོད་རིམ་ལྡན་གྱི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་དགོས། འབྲུ་རིགས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱས་ནས་ས་ཞིང་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཀྱི་དམར་མཚམས་ངེས་པ་དོན་གྱིས་བརྟན་སྲུང་བྱེད་དགོས། ནུས་ཁུངས་ཀྱི་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ་དང་ནུས་ཁུངས་བདེ་འཇགས་ལ་ཁག་ཐེག་བྱེད་པ། ཐཱན་ཉུང་གཏོང་དང་ཐཱན་སྙོམས་སྦྱོར་གྱི་བྱ་བ་སོ་སོ་གཟབ་ནན་གྱིས་ལེགས་པོར་སྒྲུབ་དགོས། སྤྱི་ཚོགས་ཀྱི་སྲིད་ཇུས་གནད་དོན་གལ་ཆེན་མཐོང་ཆེན་བྱས་ཏེ། གཞི་རྩའི་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ཁྲོད་འཇོག་པར་བརྟན་འཇགས་སྒོས་སྐུལ་འདེད་གཏོང་བ། རིམ་སྐྱོད་རང་བཞིན་གྱི་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་ཕྱིར་འགྱངས་བྱེད་པ། དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར་ཆེན་པོའི་སྡོད་ཁང་གི་འབུར་ཐོན་གནད་དོན་ཐག་བཅོད་བཟང་བོ་བྱེད་པ་དང་འགན་སྲུང་རང་བཞིན་གྱི་གླ་གཏོང་སྡོད་ཁང་མཁོ་སྤྲོད་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས། ས་ཁང་བདག་ཁོངས་ཚོང་ར་སྙོམས་སྒྲིག་བྱེད་པར་མུ་མཐུད་དུ་ཤུགས་སྣོན་དགོས་ཟེར།

གྲོས་ཚོགས་ཀྱི་སྔོན་ལ་ཧན་ཀྲིན་སོ་སོར་ཟི་དང་ཅུའུ། ཁྲུའུ་བཅས་ཀྱི་གཞུང་སྒྲུབ་ཁང་དུ་སོང་ནས་ལས་བཟོ་བར་འཚམས་འདྲི་བྱས་པར་མ་ཟད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འབྲེལ་ཡོད་བྱ་བའི་བསམ་བཞིགས་དང་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་བྱ་བའི་བཀོད་སྒྲིག་གནས་ཚུལ་ལ་རྒྱུས་ལོན་བྱས།

ཧི་ལིས་ཧྥིན་གོང་གསལ་གྱི་བྱ་འགུལ་ལ་ཞུགས། ནོར་སྲིད་པུའུ་དང་རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་གཏམ་བཤད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།