ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་ཙུང་ལི་ལོ་ལིས་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་ཙུང་ལི་ལོ་ལིས་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཐེ་རི་ནི་ཏ་དང་ཐོ་པ་ཀོ་ནི་ཀྲུང་གོས་ཅ་ལེ་པུས་ས་ཁུལ་དུ་མཉམ་ལས་བྱེད་པའི་གྲོགས་པོ་གཙོ་བོ་ཡིན། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཀྲུང་གོ་དང་ཐེ་རི་ནི་ཏ་དང་ཐོ་པ་ཀོ་གཉིས་ཀྱིས་དཀའ་ངལ་མཉམ་སེལ་དང་ཕན་ཚུན་ལ་རོགས་རེས་བྱས། ཐེ་རི་ནི་ཏ་དང་ཐོ་པ་ཀོ་ནི་ལ་ཏེན་མེ་གླིང་དང་ཅ་ལེ་པུས་ས་ཁུལ་དུ་ཀྲུང་གོར་རིམས་འགོག་དངོས་རྫས་ཞལ་འདེབས་སུ་ཕུལ་བའི་རྒྱལ་ཁབ་ཐོག་མ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཐབས་ལམ་གང་མང་ལ་བརྟེན་ནས་ཐེ་རི་ནི་ཏ་དང་ཐོ་པ་ཀོ་ལ་རིམས་འགོག་དངོས་རྫས་དང་ལག་རྩལ་རོགས་སྐྱོར་འདོན་སྤྲོད་བྱས། ཀྲུང་གོ་ཕྱོགས་ཀྱིས་ཐེ་རི་ནི་ཏ་དང་ཐོ་པ་ཀོ་དང་མཉམ་དུ་རིམས་ནད་འགོག་སྨན་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་མུ་མཐུད་དུ་ཐེ་རི་ནི་ཏ་དང་ཐོ་པ་ཀོ་ཕྱོགས་ཀྱིས་རིམས་ནད་འགོག་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐེ་རི་ནི་ཏ་དང་ཐོ་པ་ཀོ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་མཐུན་ཇེ་བཟང་དུ་གཏོང་བ་དང་། ནུས་ཁོངས་དང་གློག་འཕྲིན། རྨང་གཞིའི་སྒྲིག་ཆས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ཅིང་། ཧུར་ཐག་སྒོས་ནུས་ཁོངས་གསར་བ་དང་གྲངས་འཛིན་དཔལ་འབྱོར། མཉམ་འབྲེལ་དྲ་རྒྱ་སོགས་ཁྱབ་ཁོངས་གསར་བའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཐེ་རི་ནི་ཏ་དང་ཐོ་པ་ཀོ་བར་གྱི་ཁྱོན་ཡོངས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐེ་རི་ནི་ཏ་དང་ཐོ་པ་ཀོ་དང་མཉམ་དུ་རྒྱལ་སྤྱི་དང་ཕྱོགས་མང་ལས་དོན་ཁྲོད་དུ་རོགས་ལས་དམ་པོ་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། ཐེ་རི་ནི་ཏ་དང་ཐོ་པ་ཀོ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཅ་ལེ་པུས་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་དེ་མིན་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་སྤྱི་ཡོངས་མཉམ་ལས་ཐད་ལ་ནུས་པ་ཆེན་པོ་འདོན་པར་སྐུལ་འདེད་གཏོང་དགོས་ཟེར།

ལོ་ལིས་ཀྱིས་བཤད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡང་དག་པའི་མགོ་ཁྲིད་འོག ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད། དེ་དང་མཉམ་དུ་ཀྲུང་གོས་འཛམ་གླིང་སྟེང་གི་རྒྱལ་ཁབ་གཞན་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པའི་ཐད་ལ་མགོ་ཁྲིད་ཀྱི་ནུས་པ་ཆེན་པོ་བཏོན། ཐེ་རི་ནི་ཏ་དང་ཐོ་པ་ཀོ་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱེད་པ་ཡིན་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།