ཀྲུང་གོ་བོད་ཀྱི་དྲ་བ།

“《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་སློབ་སྦྱོང་ཀློག་དེབ”དཔེ་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིང་ཕིང་གི་ཁྲིམས་སྐྱོང་བསམ་བློ་སློབ་སྦྱོང་དང་དོན་འཁྱོལ་བྱས་ཏེ། དམངས་དོན་ཁྲིམས་གཞུང་གི་དྲིལ་སྒྲོག་བྱ་བར་ཤུགས་སྣོན་བྱ་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དྲིལ་སྒྲོག་སློབ་གསོ་ཅུས་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་སྐྱོང་བྱ་བའི་ཨུ་ཡོན་ལྷན་ཁང་དམངས་དོན་ཁྲིམས་གཞུང་ཚན་ཁག་དང་ཁྲིམས་འཛིན་པུའུ་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྒྲིག་ཅུས་ཀྱིས་མཉམ་དུ་རྩ་འཛུགས་བྱས་ཏེ“《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་སློབ་སྦྱོང་ཀློག་དེབ”དཔེ་ཚོགས་རྩོམ་སྒྲིག་བྱས་ཤིང་། ཀྲུང་གོ་དམངས་གཙོ་ཁྲིམས་སྐྱོང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ། ཉིན་དེར་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས། 

སློབ་སྦྱོང་ཀློག་དེབ་ལ་སྤྱིའི་དོན་ཚན་དང་དངོས་དབང་། གན་རྒྱ། མི་གཤིས་དབང་ཆ། གཉེན་དོན་ཁྱིམ་ཚང་གི་སྐོར། ཤུལ་འཛིན། དབང་གནོད་འགན་འཁྲི་བཅས་དང་། ཞར་བྱུང་དོན་ཚན་བསྣན་ན་བསྡོམས་པས་ཚན་པ7དང་དེབ8ཡོད། དཔེ་དེབ་ཡོངས་ཀྱིས་སྤྱི་དམངས་ཀྱི་ལུས་ཁམས་ཀྱི་ཐོབ་དབང་དང་རྒྱུ་ནོར་གྱི་བདག་དབང་ལ་དམ་དུ་འབྲེལ་ཏེ། དོན་ཟབ་ཅིང་གོ་སླ་བའི་སྒོ་ནས་དམངས་དོན་ཁྲིམས་གཞུང་གི་ཤེས་བྱ་རབ་དང་རིམ་པ་འཆད་འགྲེལ་བྱས་ཡོད་པས། དམངས་དོན་ཁྲིམས་གཞུང་མང་ཚོགས་ཀྱི་ཉེ་འགྲམ་དུ་བཅར་བ་དང་མང་ཚོགས་ཀྱི་སེམས་སུ་འཇགས་པ། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ལ་ཤུགས་སྣོན་པ། སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་ཇེ་མཐོར་གཏོང་བ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱི་ཚོགས་རྨང་གཞི་ཇེ་བརྟན་དུ་གཏོང་བར་ཕན་འབྲས་གལ་ཆེན་ལྡན། སློབ་སྦྱོང་ཀློག་དེབ་ཀྱི་སྒྲིག་སྟངས་ཚན་རིག་དང་མཐུན་ཞིང་། དབང་གྲངས་ལྡན་ལ་ཡང་དག་ཡིན་པ། སྐད་ཆ་གོ་སླ་ཞིང་མདོར་བསྡུས་དོན་གསལ་ཡིན་པ། གྱོད་དཔེ་གསོན་ཉམས་ལྡན་ཞིང་སྤྱོད་གོ་ཆེ་བས། དེ་ནི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དམངས་དོན་ཁྲིམས་གཞུང་གི་ཤེས་བྱ་ཁོང་དུ་ཆུད་པའི་ཀློག་དེབ་གལ་ཆེན་ཞིག་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།