ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་དམག་དཔུང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་གཏན་འཁེལ》དཔར་འགྲེམ་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཉེ་ཆར་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་དམག་དཔུང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་གཏན་འཁེལ》འགྲེམ་སྤེལ་བྱས་ཤིང་། 2021ལོའི་ཟླ4བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

《གཏན་འཁེལ》གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཤིང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་གྱི་བསམ་བློ་ལག་བསྟར་བྱས་ཏེ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་དང་།ཏང་གིས་དམག་དཔུང་ལ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་གཟབ་ནན་གྱིས་དམག་དཔུང་སྐྱོང་བ་རྒྱུན་འཁྱོངས་བྱས་ནས། དམག་འཐབ་ལ་དོ་སྣང་བྱེད་པ་རྒྱུན་འཁྱོངས་ཀྱིས།ཁྱོན་ཡོངས་ནས་དམག་དཔུང་སྟོབས་ལྡན་གྱི་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མ་ལག་གིས་དམག་དཔུང་གི་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་བྱ་བ་ཚད་ལྡན་དུ་གཏོང་དགོས།《གཏན་འཁེལ》ཁྱབ་བསྒྲགས་ལག་བསྟར་བྱས་པ་དེས། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཞི་ཀྲུའུ་ཞིའི་དམག་དཔུང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་བཅོས་བསྒྱུར་གྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱས་ནས། ཏང་ནང་ཁུལ་གྱི་ལྟ་སྐུལ་ཆེད་དོན་འགན་འཁྲིའི་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་དམག་དཔུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་། རུལ་སུངས་ལ་འཐབ་རྩོད་བྱེད་པར་དོན་སྙིང་གལ་ཆེན་ལྡན། 

《གཏན་འཁེལ》ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དངོས་འབེབས་བྱེད་པ།  ཏང་གིས་དམག་དཔུང་ལ་འགོ་ཁྲིད་བཟང་བོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཁྱོན་ཡོངས་ནས་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། དམག་འཐབ་གྲ་སྒྲིག་གཅིག་སྡུད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། དམག་དཔུང་གི་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ནས་གོ་རིམ་ལྡན་པའི་སྒོ་ནས་དམག་དཔུང་གི་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་བྱ་བ་ཚད་ལྡན་དུ་བཏང་ཡོད།

《གཏན་འཁེལ》ལ་བསྡོམས་པས་ལེའུ7དང་དོན་ཚན44ཡོད་ལ། དེའི་ནང་དུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་སྒྲིག་སྲོལ་དང་འགན་འཁྲིའི་ལས་འགན། གྲོས་དོན་དང་ཆོད་དོན། བྱ་བའི་ལམ་ལུགས། སྒྲིག་ལམ་དང་འགན་འཁྲི་སོགས་ཕྱོགས་ཀྱི་ནང་དོན་འདུས་ཡོད། 《གཏན་འཁེལ》གྱིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་ཐོག་མའི་ལས་འགན་དུ་བརྩིས་ནས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་འགན་གཙོ་བོ་ནི་ཏང་གིས་དམག་དཔུང་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པའི་གཞི་རྩའི་རྩ་དོན་དང་ལམ་ལུགས་ལ་སྲུང་སྐྱོང་མཐའ་འཁྱོལ་བྱེད་པ་དང་། ཕྱོགས་ཡོངས་ནས་དམག་ཨུའི་ཀྲུའུ་ཞི་འགན་ཁུར་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱེད་པ་གསལ་བོར་བསྟན་ཡོད་ལ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ངེས་པར་དུ་ཆབ་སྲིད་ཀྱི་ལྟ་སྐུལ་འགན་འཁྲི་ངེས་གནས་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་ལམ་སྲོལ་གསལ་སྟོན་གནང་སྟེ། དམག་དཔུང་མཐའ་གཅིག་ཏུ་བློ་དཀར་བ་དང་མཐའ་གཅིག་ཏུ་སྤྱོད་གཙང་ཡིན་པ། མཐའ་གཅིག་ཏུ་བློ་འཁེལ་རུང་བར་ཁག་ཐེག་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།