ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས།

  རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་དགུ་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་། 

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་དགུ་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ཏེ་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་བརྩམས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་བསྐྱོད་མགོ་བརྩམས་པའི་ལོ་ཡིན་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་གོམ་རིམ་གསུམ་དུ་བསྐྱོད་མགོ་བརྩམས་པའི་ལོ་ཡང་ཡིན། དམག་དཔུང་ཡོངས་ཀྱིས་འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་གཏོང་བ་དང་དོན་དངོས་བསྒྲུབ་པའི་སྙིང་སྟོབས་དར་སྤེལ་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་བྱ་བ་དམ་འཛིན་བྱེད་པ་དང་། ཏན་ཏན་ཏིག་ཏིག་སྒོས་བྱ་བ་སྣ་ཚོགས་ལེགས་སྒྲུབ་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་བཟང་བོ་ཞིག་ཚུགས་པ་མངོན་འགྱུར་བྱེད་རྒྱུ་འགན་སྲུང་བྱེད་པ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་བསུ་མ་བྱེད་དགོས་ཟེར།

ཚོགས་ཐོག་ཏུ་ཧྥང་ཞིང་དང་ཞིན་དབྱི། ཆི་ཧུའུ་ཀོང་། ཞོ་ཏུང་སུན། ཝང་ཧོས་ཆིན། བང་ཆིས་ཧྥུན་བཅས་འཐུས་མི་དྲུག་གིས་གཏམ་བཤད། ཁོ་ཚོས་མགྱོགས་མྱུར་སྒོས་རྒྱལ་སྲུང་ཚན་རྩལ་གསར་སྐྲུན་བྱེད་པ་དང་ཁྱབ་ཁོངས་གསར་བའི་དམག་འཐབ་སྟོབས་ཤུགས་ཇེ་ཆེར་གཏོང་བ། དམག་དོན་ལམ་ལུགས་གསར་སྐྲུན་བྱེད་པ། ཤེས་ལྡན་མི་སྣའི་བྱ་བ་གསར་སྐྲུན་བྱེད་པ། རང་རེའི་དམག་དཔུང་གི་འཛུགས་སྐྲུན་ལོ་ཚད་འཆར་འགོད་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ། རང་རེའི་དམག་དཔུང་གི་མ་རྩའི་དོ་དམ་ཕན་འབྲས་མཐོར་འདེགས་སུ་གཏོང་བ་སོགས་ཀྱི་གནད་དོན་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།

ཞི་ཅིན་ཕིང་གིས་འཐུས་མིའི་གཏམ་བཤད་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་འདས་པའི་ལོ་གཅིག་གི་ནང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཞི་ཅིན་ཕིང་གིས་བསྟན་དོན། གློ་བུར་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བ་དང་རྒྱལ་ཁབ་ཕྱི་ནང་གི་གནས་བབ་རྙོག་འཛིང་ཆེ་བའི་གནས་ཚུལ་འོག དམག་དཔུང་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། ནུས་ལྡན་སྒོས་རིམས་ནད་ལ་འགོག་རྒོལ་བྱས་པ་དང་དམག་སྦྱོང་གྲ་སྒྲིག་ལ་ཤུགས་བསྣན་ལ། རྒྱུན་མཐུད་སྒོས་བཅོས་སྒྱུར་ཟབ་སྤེལ་བྱས་པ་དང་། འཆར་འགོད་དངོས་འབེབས་བྱ་བ་དམ་འཛིན་བྱས་ནས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ཉིས་སྟོང་ཉི་ཤུ་ལོའི་དམིགས་འབེན་དང་ལས་འགན་ཕལ་ཆེར་མངོན་འགྱུར་བྱས་པ་དང་། ཏང་དང་མི་དམངས་ཀྱི་གནང་བའི་ལས་འགན་སྣ་ཚོགས་ལྷག་འགྲུབ་བྱས་ཟེར།

ཞི་ཅིན་ཕིང་གིས་འཆར་འགོད་ལག་བསྟར་དང་སྦྲེལ་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་སུ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་མགོ་བཟང་བོ་རྩོམ་པའི་བྱ་བ་བཟང་བོར་བསྒྲུབ་པར་རེ་བ་བཏོན། ཁོང་གིས་བསྟན་དོན། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆོད་སེམས་ཀྱི་དགོངས་དོན་ལ་གོ་བ་ཟབ་བླངས་ཏེ། དམག་དཔུང་བཙུགས་ནས་ལོ་བརྒྱ་ལོན་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་གཅིག་སྡུད་བྱེད་པ་དང་། རང་རེའི་དམག་དཔུང་འཛུགས་སྐྲུན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་བཀོད་སྒྲིག་དང་བྱ་བར་སྐུལ་འདེད་གཏོང་བ་དང་དམ་པོར་སྦྲེལ་དགོས། དམག་འཐབ་འཛུགས་སྐྲུན་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དམག་འཐབ་འཛུགས་སྐྲུན་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པར་ཤུགས་སྣོན་ཞིང་འཐབ་ཇུས་རང་བཞིན་དང་སྣེ་ཁྲིད་རང་བཞིན། རྨང་གཞི་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་མྱུར་དུ་ལག་བསྟར་བྱས་ཏེ། ཆུ་ཚད་མཐོ་བའི་འཐབ་ཇུས་ཟིལ་ཤུགས་དང་མཉམ་འབྲེལ་དམག་འཐབ་མ་ལག་མྱུར་དུ་གསར་སྐྲུན་བྱེད་དགོས། འགན་འཁྲིའི་བསམ་པ་དང་དགོས་གལ་བསམ་པ། རང་འགུལ་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། རང་རེའི་དམག་དཔུང་འཛུགས་སྐྲུན་གྱི་ལོ་ཚད་འཆར་འགོད་བཀོད་སྒྲིག་གྱི་བྱ་བ་སྣ་ཚོགས་སྤོབས་པ་ཆེན་པོས་ལེགས་བསྒྲུབ་བྱས་ནས། སྔ་མོ་ནས་ཕན་འབྲས་ཐོབ་པ་འགན་སྲུང་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་དང་རྒྱལ་ཁབ་ཀྱི་བཀོད་སྒྲིག་དང་རེ་བ་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། ཕྲག་ཏུ་བབས་པའི་རྒྱལ་སྲུང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས། དམག་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱས་ཏེ། དམག་སྲིད་དམག་དམངས་མཐུན་སྒྲིལ་དམ་པོ་བྱེད་པ་དང་རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་དར་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡུག་ཞ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝེ་ཧྥིན་ཧི་དང་ལིས་ཙོ་ཁྲིན། མེའོ་ཧྭ། ཀྲང་ཧྲིན་མེན་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།