ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་པེ་ཅིན་ནས་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་པེ་ཅིང་ནས་འཚོགས་ཤིང་།ཞི་ཅིན་ཕིང་དང་ལི་ཁི་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས། ཝང་དབྱང་གིས་སྲིད་གྲོས་རྒྱུན་ཨུ་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ་ཕུལ་ལ།ཀྲང་ཆིན་ལིས་ཀྱིས་མགོ་འཛིན་མཛད། ཀུའུ་ཧྲེང་ཙུའུ་ཡིས་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་སེམས་གཅིག་གིས་ཕུགས་འདུན་བཏོད་དེ་རླབས་ཆེའི་ལས་དོན་སྒྲུབ། ། དུས་དང་བསྟུན་ནས་རྒྱང་སྐྱོད་གསར་བའི་སྒོ་གླེགས་ཡངས་པོར་ཕྱེས། ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པ་ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས། རྒྱལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན2100ལྷག་གིས་ཀྲུང་གུང་ཀྲུང་དབྱང་གི་ཐག་གཅོད་བཀོད་སྒྲིག་ལྟར། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་རྩ་གནད་བཟོ་བ་དང་ལག་བསྟར་བྱེད་པར་དམིགས་ཏེ། ལས་སྒྲུབ་འགན་ཁུར་ལ་ཏན་ཏིག་དང་ཐབས་འདོན་སྲིད་སྐྱོར་ལ་འབད་བརྩོན། ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཀྱིས་གཅིག་སྡུད། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་ཀྱི་རྒྱལ་ཁ་གསར་བ་ལེན་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝུའེ། མཱ་པེའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལི་པིན། པ་ཐེར། ཝང་ཡུང་ཆིང་། ཧོ་ལི་ཧྥུང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

u=1050165192,312351138&fm=26&gp=0.jpg

ཟླ3པའི་ཚེས4ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས། འདི་ནི་ཞི་ཅིན་ཕིང་དང་ལི་ཁི་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད་ལ། ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།   ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅུའུ་ཕིང་གིས་པར་བླངས།

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁི་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་པ་དང་། ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་དགོས་པའི་ཨུ་ཡོན་མི2159དང་དངོས་སུ་ཞུགས་པའི་མི2106ཡོད་ལ། ཁྲིམས་ལུགས་ཀྱི་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།

微信图片_20210203095250.jpg

ཟླ3པའི་ཚེས4ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས།  ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞིན་ཀོང་ལི་ཡིས་པར་བླངས།

ཕྱི་དྲོའི་དུས་ཚོད3སྟེང་། ཀྲང་ཆིང་ལི་ཡིས་ཚོགས་འདུ་ཚོགས་པ་ཁྱབ་བསྒྲགས་བྱས་པ་དང་། ཚང་མ་ཡར་ལངས་ནས་རྒྱལ་གླུ་དཀྲོལ་ལེན་བྱས།

ཚོགས་འདུས་ཐོག་མར་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་།

ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།

u=1050165192,312351138&fm=26&gp=0.jpg

ཟླ3པའི་ཚེས4ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ། 

ཝང་དབྱང་གིས་བསྟན་དོན། 2020ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་སྟེང་གི་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཅིག་གྱུར་འཆར་འགོད་ལ་དམ་པོར་དམིགས་ཏེ་ནན་ཏན་སྒོས་རང་འགན་རང་སྒྲུབ་བྱས་ལ། སྤྱི་ཚོགས་ཀྱི་དོ་ཁུར་གལ་ཆེན་ལ་དམ་པོར་དམིགས་ཤིང་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལམ་ལུགས་འཛུགས་སྐྲུན་ནན་འཛིན་དང་ལས་ཀའི་ཕན་ནུས་ཆེ་རུ་བཏང་སྟེ“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དམིགས་ཚད་མངོན་འགྱུར་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ལ། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྲུན་ཐད་ཉམས་འགྱུར་གསར་པ་མངོན་ནས་ཞབས་ཞུ་ལྟེ་གནས་ཀྱི་ལས་འགན་ལ་གྲུབ་འབྲས་གསར་པ་ཐོབ་ཅིང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་དམིགས་བསལ་གྱི་ལོ་འདིར་དམིགས་བསལ་གྱི“ཨུ་ཡོན་ལས་དོན”བསྒྲུབས་ཡོད།

ཝང་དབྱང་གིས་ཕྱོགས5ཡི་ཐད་ནས་འདས་པའི་ལོ་གཅིག་རིང་གི་རྒྱལ་ཡོངས་སྲིད་གྲོས་ཀྱི་བྱ་བར་ཕྱོགས་སྡོམ་གནང་ཡོད་དེ། གཅིག་ནི་རིག་གཞུང་སློབ་སྦྱོང་གཏིང་ཟབ་བྱས་ནས་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་སྔར་ལས་ལྷག་པར“འདུ་ཤེས་བཞི”ཇེ་དྲག་དང“གདེང་ཚོད་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏིང་། གཉིས་ནི་གྲོས་མོལ་ལས་སྒོ་གཏིང་ཟབ་ཏུ་སྤེལ་ནས་གྲོས་མོལ་བྱེད་ཐབས་སྣ་ཚོགས་ནུས་ལྡན་སྒོས་སྤྱད་པ་དང་དྲ་ཐོག་སྲིད་གླེང་གི་ལེགས་ཆ་འདོན་སྤེལ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག འགན་ནུས་སྒྲུབ་པའི་བྱེད་སྒོ་ལྷོད་གཡེང་མི་ཤོར་བ་དང་ཟང་ཟིང་མི་ཡོང་བ། རྒྱུན་མི་ཆད་པ་བཅས་ལ་ཁག་ཐེག་བྱས། གསུམ་ནི་ཨུ་ཡོན་གྱི་འཆད་ཁྲིད་ཁང་དང་ཆེད་དོན་ལས་དོན་གལ་ཆེན་གྱི་ཨུ་ཡོན་སྒྲོག་འགྲེལ་ཚོགས་པ།  སྙིང་གཏམ་གླེང་མོལ་སོགས་ལས་སྟེགས་མུ་མཐུད་དུ་འཐུས་ཚང་བཏང་སྟེ། ཏང་ནང་ནས་ཏང་ཕྱིའི་བར་དང་ཨུ་ཡོན་ནས་རིགས་ཁོངས་སོ་སོའི་མང་ཚོགས་བར་གྱི་ངོས་འཛིན་གཅིག་མཐུན་གྱི་ལས་ཀའི་རྣམ་པ་འཐུས་ཚང་དུ་བཏང་ནས་མཐུན་སྒྲིལ་མཉམ་ལས་ཀྱི་དྲང་ནུས་གཅིག་སྡུད་བྱས། བཞི་ནི་སྲིད་གྲོས་ལས་དོན་གྱི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ་ཀྲུང་དབྱང་སྲིད་གྲོས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་། ལྔ་ནི་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་རིགས་ཁོངས་སོ་སོར་འབྲེལ་བ་བྱེད་པ་དང་། ཨུ་ཡོན་ལ་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་བྱས་ནས་སྲིད་གྲོས་བྱ་བའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་ཡོད། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་མགོ་བཙུགས་པའི་ལོ་དང་པོ་རེད། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཀྲུང་གུང་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་མཐའ་འཁྱོངས་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་གི་སྲིད་ཇུས་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ནས་ཐབས་འདོན་སྲིད་སྐྱོར་དང་ཐུན་མོང་ངོས་འཛིན་གཅིག་བསྡུའི་ལས་དོན་ཡག་པོར་བསྒྲུབས་ནས་ཆུ་ཚད་མཐོན་པོས་འགན་སྒྲུབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཏེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་ཡག་པོར་ཚུགས་པ་དང་གོམ་སྟབས་བརྟན་པོར་སྤོ་བར་དམངས་ཀྱི་བློ་གྲོས་དང་ཀུན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས།

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱིས་ཕྱོགས་བསྡུས་ཐོག་ནས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཚོན་ཡོད་པ་དང་། དེ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་མགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་དང“ཀྲུང་གོའི་བཅོས་སྐྱོང”གི་མགོ་འཛུགས་པའི་ལམ་ལུགས་ཀྱི་ཇུས་འགོད་གལ་ཆེན་དང་དམིགས་བསལ་གྱི་བཅོས་སྐྱོང་སྟེགས་བུ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་སྲིད་གྲོས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པར་བསྒྱུར་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་ལེགས་ཆར་དམ་འཛིན་ལེགས་པོ་བྱས་ནས་དོན་དག་ཡོད་ན་གྲོས་མོལ་བྱེད་པ་དང་། སྤྱིའི་དོན་དག་ལ་སྤྱི་ཡོངས་ཀྱིས་གྲོས་བྱེད་པའི་ལམ་ལུགས་ཅན་གྱི་ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལས་ཀའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། ལག་ལེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་གྲོས་མོལ་གྱི་རིག་གནས་སྐྱེད་སྲིང་བྱས་ནས་སྲིད་གྲོས་གྲོས་མོལ་དང་གྲོས་མོལ་གྱི་རྣམ་པ་གཞན་དག་བར་འབྲེལ་གཏུག་གཞོགས་འདེགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་སྒྲུབ་ནུས་པ་ཤུགས་ཆེན་པོས་ཆེ་རུ་བཏང་ནས་ཨུ་ཡོན་གྱིས་གྲོས་མོལ་གྱི་སྒྲིག་སྲོལ་སྔར་བས་བཀོལ་སྤྱོད་ལེགས་པོ་བྱ་རྒྱུ་དང་འབྲེལ་གཏུག་བྱ་ཐབས་ཁོང་དུ་ཆུད་པར་སྐུལ་འདེད་བཏང་ནས། འགན་འཁྲི་སེམས་སུ་བཅངས་པ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། རྒྱལ་ཁབ་ལ་བྱས་རྗེས་འཇོག་པའི་ཕུགས་བསམ་དང་མི་དམངས་ལ་ཞབས་འདེགས་སྒྲུབ་པའི་སེམས་པ། འགན་འཁྲི་སྒྲུབ་པའི་ནུས་པ་བཅས་ཟུང་འབྲེལ་སྔར་བས་ལེགས་པོ་བྱས་ནས་རྒྱང་སྐྱོད་གསར་པའི་ཁྲོད་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་གསར་པ་མངོན་པར་བྱ་དགོས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའུ་ཧྲེང་ཙུའུ་ཡིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་སྐོང་ཚོགས་བྱས་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བ་རེད། སྲིད་གྲོས་ཨུ་ཡོན་དང་ཚོགས་འདུར་ཞུགས་པའི་སྲིད་གྲོས་ཀྱི་ལས་ཁུངས་ཁག་གིས་གྲོས་གཞི5974བཏོན་པ་དང་གྲོས་གཞི5044ཐོ་འགོད་བྱས་ཡོད། གྲོས་གཞི་དེ་དག་གིས་དུས་རབས་ཀྱི་དོན་སྙིང་ལ་དམ་པོར་གཞིགས་ནས་ལྟེ་བའི་ལས་དོན་ལ་དམིགས་པ་དང་། མི་དམངས་ལ་བརྩེ་སེམས་འཆང་ཡོད་པས་ཨུ་ཡོན་གྱི་སེམས་ནུས་དང་བློ་རིག་གཅིག་སྡུད་བྱས་པ་ཡིན་ལ། རྒྱ་ཆེའི་མང་ཚོགས་ཀྱི་བསམ་འདུན་དང་རེ་སྒུག་མཚོན་ཡོད། གྲོས་གཞི་འགན་གཉེར་ལས་ཁུངས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་གསོད་བྱས་ནས་རིམ་པ་བཞིན་འགན་འཁྲི་ནན་གྱིས་འཁུར་བ་དང་། གྲོས་གཞི་ལག་བསྟར་དང་ལན་སློག་བྱེད་ཚད99.64%ཟིན་ཡོད་པས། སྲིད་གྲོས་ཀྱི་གྲོས་གཞི་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཞབས་ཞུ་བསྒྲུབ་པའི་ཐད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།

ཀྲུའུ་ཞིའི་སྟེགས་བུར་བཞུགས་པའི་མགོ་ཁྲིད་བློ་མཐུན་ལ་ད་དུང་ཏིང་ཞུའེ་ཞང་དང་། ཝང་ཁྲིན། ལིའུ་ཧོ། ཞུས་ཆི་ལིའང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཧུང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་ཀུའོ། ཁྲེན་མིང་ཨེར། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཡིའུ་ཆོན། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་གཡོད་གཡོད། ཅི་པིང་ཞོན། ཨའེ་ལི་ཀེང·དབྱི་མིང་པ་ཧའེ། ཝན་ཨོ་ཞང་། ཁྲེན་ལན། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝེ་ཧྭ། ཝེ་ཧྥེང་ཧོ། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁོ་ཀྲི། ཀྲོའུ་ཆང་། ཀྲང་ཅུན་སོགས་ཡོད། 

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་མགོ་ཚུགས་ཚོགས་འདུར་ཟུར་ཞུགས་གནང་བ་དང་། ཀྲུང་གོར་བཅའ་སྡོད་བྱེད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་སོགས་གདན་ཞུས་ལྟར་མགོ་ཚུགས་ཚོགས་འདུར་ཞུགས་ཡོད། །


(རྡོ་རྗེ་བསམ་འགྲུབ། ཀླུ་མོ་མཚོ། རིག་འཛིན་ལྷ་མོ་བཅས་ཀྱིས་བསྒྱུར)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།