ཀྲུང་གོ་བོད་ཀྱི་དྲ་བ།

ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཆོག་མཆན་ཐོབ་པ་བརྒྱུད་གསར་དུ་བཟོ་བཅོས་བྱས་པའི《དམག་དཔུང་གི་ཆབ་སྲིད་ལས་དོན་སྲོལ་ཡིག》ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཆོག་མཆན་ཐོབ་པ་བརྒྱུད་གསར་དུ་བཟོ་བཅོས་བྱས་པའི《དམག་དཔུང་གི་ཆབ་སྲིད་ལས་དོན་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུས་རྒྱུ)ཉིན་ཤས་གོང་ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་པ་རེད།

《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་དོན་ལག་བསྟར་བྱས་ནས། ཏང་གི་སྒྲིག་ཡིག་རྩ་བར་གཞི་བཟུང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཇུས་གཞི་དོན་འཁྱོལ་བྱས་ཏེ། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་ཤིང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་དམག་འཐབ་གཡུལ་འགྱེད་གྲ་སྒྲིག་ལ་དམིགས་པ་དང་ཆབ་སྲིད་ལས་དོན་གྱི་སྲོག་རྩ་ལྟ་བུའི་གོ་གནས་སྲ་བརྟན་དུ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། བཅོས་བསྒྱུར་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ཡོད་ལ། དུས་རབས་གསར་པའི་དམག་དཔུང་གི་ཆབ་སྲིད་བྱ་བའི་མཛུབ་སྟོན་བསམ་བློ་དང་། དུས་རབས་ཀྱི་བརྗོད་དོན། གཞི་རྩའི་ལས་འགན། རྩ་དོན། ནང་དོན་གཙོ་བོ། ཏང་གིས་དམག་དཔུང་གི་ཆབ་སྲིད་བྱ་བར་འགོ་ཁྲིད་བྱེད་པ། ཆབ་སྲིད་ལས་དོན་སྡེ་ཁག་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་དོན་ལས་ཁུངས། ཏང་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ལས་དོན་གཙོ་བོ། ཆབ་སྲིད་ལས་བྱེད་པའི་འགན་འཁྲི་གཙོ་བོ་དང་བྱང་ཚད་ཀྱི་བླང་བྱ། དམག་དཔུང་གི་ཆབ་སྲིད་བྱ་བའི་སྒྲིག་འཛུགས་ལག་བསྟར་དང་ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་གཏན་འབེབས་བྱས་ཡོད།

《སྲོལ་ཡིག》ནི་དུས་རབས་གསར་པའི་དམག་དཔུང་གི་ཆབ་སྲིད་བྱ་བའི་རྨང་གཞི་གཙོ་བོ་སྟེ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཆབ་སྲིད་ལ་བརྟེན་ནས་བཙུགས་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་ལ། དམག་དོན་སྲིད་ཇུས་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན།《སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་པ་དེས་ཏང་གིས་དམག་དཔུང་གི་ཆབ་སྲིད་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་། དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད། དམག་དཔུང་གིས“འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ། དམག་ཨུའི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ་བཅས་ལ་ཤུགས་བསྣན་ནས་དམག་དཔུང་དེ་ཐོག་མཐའ་བར་གསུམ་དུ་ཏང་གིས་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པའི་མི་དམངས་དམག་དཔུང་དུ་འགྱུར་བ་དང་། དུས་རབས་གསར་པའི་དམག་དཔུང་གི་འགན་འཁྲི་དང་ཏང་གིས་དུས་རབས་གསར་པའི་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་བསྒྲུབ་པར་འགན་ལེན་ཏན་ཏིག་དང་། ཏང་གིས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱེད་ཆེད། མི་དམངས་དམག་དཔུང་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲར་འགྱུར་བར་སྲ་བརྟན་གྱི་ཆབ་སྲིད་ཀྱི་འགན་ལེན་འདོན་སྤྲོད་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།