ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་འཆལ་སེལ་འགལ་རྡུང་གི་གྱོད་དོན་ཆེན་པོ་བཅུ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས“འཆལ་སེལ་འགལ་རྡུང”གཞུང་ལས་ཁང་གིས2020ལོར“འཆལ་སེལ་འགལ་རྡུང”གི་གྱོད་དོན་ཆེ་གྲས་བཅུ་ཁྱབ་བསྒྲགས་བྱས་པའི་ནང་དུ། དྲ་རྒྱའི་ཐད་གཏོང་དང་ཆགས་སྲེད་དྲ་ཚིགས་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཆགས་སྲེད་དངོས་རྫས་བརྒྱུད་སྒྲོག་དང་། ཁྲིམས་འགལ་ངང་དཔེ་སྐྲུན་དངོས་རྫས་བཟོ་བ་དང་།བརྩམས་ཆོས་ཀྱི་བདག་དབང་ལ་གནོད་འཚེ་གཏོང་བ། གསར་འགོད་པར་བརྫུས་ནས་རྒྱུ་ནོར་འཕྲོག་པ་སོགས་ཀྱི་རིགས་ཚུད་ཡོད་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། 2020ལོར་རྒྱལ་ཡོངས་སུ“འཆལ་སེལ་འགལ་རྡུང”གི་གྱོད་དོན་ཁྲི1.1ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པའི་ནང་། ཉེས་དོན་གྱོད་གཞི3218དང་མི5000ལྷག་ཙམ་ལ་ཉེས་དོན་ཆད་གཅོད་བྱས་ཡོད།

1.ཀོང་ཏུང་ཀྲའོ་ཆིང་གི“5·04”དྲ་རྒྱའི་ཐོག་ནས་ཆགས་སྲེད་ཀྱི་འཁྲབ་སྟོན་ཐད་གཏོང་བྱས་པའི་གྱོད་དོན།

2.ཧྲའན་ཞི་ཞན་དབྱང་གི“3·26”དྲ་རྒྱའི་ཐོག་ནས་ཆགས་སྲེད་དངོས་རྫས་ཐད་གཏོང་བྱས་ཏེ་ཁེ་སྤོགས་རག་ཐབས་བྱས་པའི་གྱོད་དོན།

3.ཧོ་ནན་ཀྲེང་ཀྲོའུ་ཡི“ཏི་ཏི་རླངས་འཁོར”བརྫུས་ནས་ཆགས་སྲེད་དངོས་རྫས་བརྒྱུད་སྒྲོག་བྱས་ཏེ་ཁེ་སྤོགས་རག་ཐབས་བྱས་པའི་གྱོད་དོན།

4.ཅང་སུའུ་ཡན་ཁྲིན་གྱི“རྩོམ་རིག་རྩེ་གྲ”བེད་སྤྱད་དེ་སྐད་འཕྲིན་སྟེང་ཆགས་སྲེད་དངོས་རྫས་ཐད་གཏོང་བྱས་ནས་ཁེ་སྤོགས་རག་ཐབས་བྱས་པའི་གྱོད་དོན།

5.པེ་ཅིང་གི“5·20”བརྙན་ལྡན་དྲ་ཚིགས་བེད་སྤྱད་དེ་བྱིས་པའི་ཆགས་སྲེད་དང་འབྲེལ་བའི་དངོས་རྫས་ཁྱབ་བསྒྲགས་བྱས་པའི་གྱོད་དོན།

6.ཀྲེ་ཅང་ཧང་ཀྲོའུ་ཐའོ་པའོ་དྲ་ཐོག་ཚོང་ཁང་དུ་ཁྲིམས་འགལ་སྒོས་དབྱིན་ཡིག་གློག་རྡུལ་དཔེ་དེབ་ཕྱིར་འཚོང་བྱས་པའི་གྱོད་དོན།

7.ལིའོ་ཉིན་ཏ་ལེན་གྱི་རེན་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་གྱིས་པར་སྐྲུན་དངོས་རིགས་བཟོ་བ་དང་ཁྱབ་སྤེལ་བྱས་པའི་གྱོད་དོན།

8.ཧྲན་ཏུང་པིན་ཀྲོའུ་ཡི“4·20”བརྩམས་ཆོས་བདག་དབང་ལ་གནོད་འཚེ་བཏང་བའི་གྱོད་དོན།

9.ཨན་ཧུའེ་ཨན་ཆིན་གྱི“3·04”དྲ་སྟེང་ཆུ་དམག་བསུབ་སྦྱར་གྱི་ཁེ་སྤོགས་རག་ཐབས་བྱས་པའི་གྱོད་དོན།

10.ཧྲན་ཞི་ཧྲོའུ་ཀྲོའུ་ཡི“5·16”ཅི་ཆེ་གེ་མོ་སོགས་གསར་འགོད་པར་བརྫུས་ནས་རྒྱུ་འཕྲོག་པའི་གྱོད་དོན་བཅས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།