ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཆད་འགྱངས་ཟླ་ཕོགས་སྒོར་དུང་ཕྱུར35.08འདེད་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་གསར་འགོད་པས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ནས་རྒྱུས་ལོན་པ་ལྟར་ན། 2020ལོར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཟླ་ཕོགས་ཆད་འགྱངས་གནས་ཚུལ་ལ་རྩ་བཅོས་བྱེད་པའི་དགུན་དུས་ཀྱི་མཁྲེགས་གཏོར་འགུལ་སྐྱོད་སྤེལ་ཏེ། བཟོ་ཚོགས་མ་ལག་གི་ཟླ་ཕོགས་ཆད་འགྱངས་སྙན་ཞུ་དང་གླེང་ཕྱོགས་ཐད་ཀྱི་ཟླ་ཕོགས་ཆད་འགྱངས་གྱོད་དོན་ཕྱིར་འདྲེན་ལྟ་སྐུལ་ལམ་ལུགས་བཙུགས་པ་དང་། ཟླ་ཕོགས་ཆད་འགྱངས་གྱོད་དོན་གཙོ་བོ21ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ལ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལས་བཟོ་བ་ཁྲི32.48ཀྱི་ཆད་འགྱངས་ཟླ་ཕོགས་སྒོར་དུང་ཕྱུར35.08འདེད་ལེན་བྱས།

རྒྱུས་ལོན་པ་ལྟར་ན། ལས་བཟོ་བའི་ཁེ་དབང་འགན་སྲུང་དང་མངོན་འགྱུར་ལ་སྐུལ་འདེད་གཏོང་བའི་ཕྱོགས་ནས། 2020ལོར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཉི་འོད་ལས་ཞུགས་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་ལག་བསྟར་བྱས་ཏེ། ཚགས་འཛུགས་ལས་བཟོ་བའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མཐོ་སློབ་མཐར་ཕྱིན་སློབ་མ་ཁྲི2.2ལ་ལས་ཞུགས་ཞབས་ཞུ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས། ཁྱིམ་ཚང་འཛིན་སྐྱོང་ཞབས་ཞུ་ལས་རིགས་ཀྱི་སྤུས་ཚད་མཐོར་འདེགས་དང་ནང་དོན་རྒྱ་སྐྱེད་པར་སྐུལ་འདེད་བཏང་སྟེ། ས་གནས་སོ་སོའི་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཁྱིམ་ཚང་ཞབས་ཞུ་ལས་གཉེར་མི་སྣ་མི་ཐེངས་ཁྲི30.3ལ་གསོ་སྦྱོང་བྱེད་པར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱས། བཟོ་ཚོགས་ཞབས་ཞུ་ཨང་རྟགས་སོགས་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་ཞུགས་ཞབས་ཞུའི་དྲ་ཐོག་གི་སྟེགས་བུ་སྐྲུན་ནས་བསྡོམས་པས་ལས་གནས་ཁྲི127འདོན་སྤྲོད་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།