ཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་མི་ཁྲི20ཙམ་ཐག་གཅོད་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོའི་ཟླ12པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན18505ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི26922ལ(ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ125དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ1316ཚུད་པ)ཆད་པ་བཅད་པ་དང་། མི18901ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་རེད། 2020ལོའི་ལོ་ཧྲིལ་པོར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན136203ཞིབ་བཤེར་ཐག་གཅོད་བྱས་པ་དང་མི197761ལ་ཐག་གཅོད་བྱས་པ་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། ན་ནིང་གི་ཟླ12པར་རྒྱལ་ཡོངས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན9356ཞིབ་བཤེར་ཐག་གཅོད་བྱས་པ་དང་མི14134ལ་ཐག་གཅོད་བྱས་པ་རེད། དེའི་ནང་དུ“རང་འགན་གཙང་སྒྲུབ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཐད་འགན་མི་འཁུར་བ་དང་།བྱ་བ་མི་སྒྲུབ་པ།བྱ་བ་གང་འདོད་དུ་སྒྲུབ་པ། བྱ་སྤྱོད་རྫུས་མ་སྤེལ་བ་བཅས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ”སོགས་ཀྱི་གནད་དོན་ཆེས་མང་ཞིང་། གནད་དོན7648ཞིབ་བཤེར་དང་མི11602ལ་ཐག་གཅོད་བྱས་པ་རེད། དེ་ནས“མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ཁྲོད་དུ་སྒྱིད་ལུག་གིས་ཁ་གཏད་འཇལ་བ་དང་། རྣམ་འགྱུར་ངན་པ་སྟོན་པ། ལས་ཆོད་ཆུང་བ་བཅས་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པ”བཅས་ཀྱི་གནད་དོན་ལ་དམིགས་ནས་གནད་དོན396ཞིབ་བཤེར་བྱས་པ་དང་། མི550ལ་ཐག་གཅོད་བྱས་པ་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། ན་ནིང་ཟླ12པར་རྒྱལ་ཡོངས་སུ་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་གནད་དོན9149ཞིབ་བཤེར་ཐག་གཅོད་བྱས་པ་དང་མི12788ཐག་གཅོད་བྱས་པ་རེད། དེའི་ནང་དུ་སྒྲིག་ཁྲིམས་དང་འགལ་ནས་ཕོགས་སྣོན་དང་ཁ་གསབ་བྱས་པ་དང་། ཡང་ན་ཕན་བདེ་བསྐྲུན་པའི་གནད་དོན2272དང་། སྒྲིག་འགལ་ངང་རྩ་ཆེའི་ཁྱད་ལྡན་ཐོན་རྫས་དང་ལག་རྟགས་དང་འབུལ་རྫས་རྩ་ཆེན་བསྡུ་ལེན་བྱས་པའི་གནད་དོན2948། སྒྲིག་འགལ་ངང་ཟ་འཐུང་བྱས་པའི་གནད་དོན1660ཞིབ་བཤེར་ཐག་གཅོད་བྱས་པ་རེད།

སྡོམ་རྩིས་ལྟར་ན། 2020ལོའི་ལོ་ཧྲིལ་པོར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན136203ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི197761(དེའི་ནང་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ706དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ10675ཚུད་པ)ལ་ཆད་པ་བཅད་པ་དང་། མི119224ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་རེད། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།