ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མི་དམངས་བཅིངས་འགྲོལ་དམག་དང་བཀོད་འདོམས་དམག དྲག་ཆས་ཉེན་རྟོག་རུ་ཁག་གི་དམག་དཔོན་དང་དམག་མི། དམག་དཔུང་གི་ཞི་དཔོན། དམངས་དམག གྲ་སྒྲིག་དམག་མི་བཅས་ཡོངས་ལ་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིན་གསར་ཐོན་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས4ཉིན། མཁའ་དམག་མཁའ་སྐྱོད་དམག་གི་ཧྲི་ག་གེ་མོར་གཟིགས་ཞིབ་ཏུ་ཕེབས་པ་དང་། རུ་ཁག་དམག་དཔོན་དང་དམག་མིར་འཚམས་འདྲི་བྱས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་བྱས་ནས་མི་དམངས་བཅིངས་འགྲོལ་དམག་དང་བཀོད་འདོམས་དམག དྲག་ཆས་ཉེན་རྟོག་རུ་ཁག་གི་དམག་དཔོན་དང་དམག་མི། དམག་དཔུང་གི་ཞི་དཔོན། དམངས་དམག གྲ་སྒྲིག་དམག་མི་བཅས་ཡོངས་ལ་་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།