ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་དྲ་རྒྱའི་ལས་སྟེགས་ཁག་གི་སྒྲིག་ལམ་ཚད་ལྡན་དུ་གཏོང་བར་ཤུགས་བསྣོན་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས31ཉིན་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་པར་གཞིགས་ན། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་དྲ་རྒྱའི་བརྒྱུད་སྤེལ་གྱི་ལས་སྟེགས་ཁག་གི་སྒྲིག་ལམ་ཚད་ལྡན་དུ་གཏོང་རྒྱུའི་སྐོར་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། མིག་སྔར“རང་གཉེར་སྨྱན་བྱད”དང་། ཚ་བཤེར་ཚ་ནུས་མིང་ཐོ།PUSHསྐར་ཁུང་། བརྙན་ཐུང་ལས་སྟེགས་བཅས་ལ་དྲ་རྒྱའི་བརྒྱུད་སྤེལ་སྒྲིག་ལམ་ཟང་ཟིང་བཟོ་བའི་གནད་དོན་མངོན་གསལ་ཡིན་པས་དེར་ཆེད་དུ་བཅོས་སྒྲིག་བྱ་རྒྱུ་ཡིན་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་ནམ་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲོང་རུང་ཝུན་གྱིས་སྟེགས་བུ་དང་ཁྱབ་སྤེལ་བྱེད་སྟངས་གང་ཞིག་ཡིན་རུང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཕྱོགས་སྟོན། རིན་ཐང་གི་གཉེར་ཕྱོགས་བཅས་རྒྱུན་འཁྱོངས་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས་པ་དང་། རྩོམ་ཡིག་གང་དེའི་འབྱུང་ཁུངས་ནས་དམ་ཟབ་བྱས་ཏེ“ལྟག་སྒོ”ནས་བརྒྱུད་པར་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས། རང་འདོད་ལྟར་གསར་འགྱུར་བཅར་འདྲི་དང་སྒྲིག་འགལ་ངང་གཞན་རྩོམ་བརྒྱུད་འགོད་བྱེད་པར་དམ་སྲུང་བྱས་ནས་རྩོམ་ཁུངས་གཙང་མའི་རྩོམ་ཡིག་ཁྱབ་གདལ་དང་དྲ་སྟེང་གི་ཆ་འཕྲིན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། “རང་གཉེར་སྨྱན་བྱད”ལ་དོ་དམ་བཟང་བོ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཁྲིམས་འགལ་སྒྲིག་འགལ་གྱི་རྩིས་ཐོའི་ཨང་གྲངས་དང་དེ་གནས་སའི་སྟེགས་བུར་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དྲ་བའི་བཞུར་ཚད་ཀྱི་འཇུག་སྒོ་ནས་ལས་སྟེགས་གལ་ཆེན་དང་གོ་རིམ་གལ་ཆེན་དུ་གནས་པའི་གནད་དོན་འབུར་ཐོན་ཅན་ལ་དམིགས་ཏེ། རང་འགུལ་ངང་ལས་སྟེགས་གསར་པ་དང་བཀོལ་སྤྱོད་གསར་པ་ལས་ཐོན་པའི་ཉེན་ཁ་དང་རྐྱེན་ངན་ཅི་ཡོད་སྔོན་ནས་རྒྱུས་ལོན་བྱས་ཏེ་ཁྱོན་ཡོངས་ནས་ཚད་ལྡན་དོ་དམ་ཁྱབ་པར་ཁག་ཐེག་བྱ་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།