ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པོ་ལེ་ཝེ་ཡའི་ཙུང་ཐུང་ཨ་ཨར་སེ་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ1ཚེས28ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ལེ་ཝེ་ཡའི་ཙུང་ཐུང་ཨ་ཨར་སེ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་པོ་ལེ་ཝེ་ཡའི་བར་འབྲེལ་བ་བཙུགས་ནས་ལོ་སོ་དྲུག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ལྷག་པར་དུ་ཙུང་ཐུང་མོ་ལ་ལེ་སི་ཡིས་སྲིད་སྐྱོང་བའི་སྐབས་སུ་ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་མང་ཞིང་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་ཆེར་སྤེལ་བ་དང་། ཕྱོགས་མང་ལས་དོན་ཐད་ནས་མཐུན་སྦྱོར་བཟང་བོ་བྱས། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་ཕྱོགས་ཀྱིས་ཐབས་ལམ་མང་པོ་བརྒྱུད་དེ་པོ་ལེ་ཝེ་ཡ་ཕྱོགས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པའི་ཐད་ལ་དངོས་རྫས་དང་ལག་རྩལ་ཕྱོགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས། ཀྲུང་གོ་ཕྱོགས་ཀྱིས་པོ་ལེ་ཝེ་ཡ་ཕྱོགས་དང་མཉམ་དུ་འགོག་སྨན་མཉམ་ལས་ལ་ཤུགས་བསྣན་ཏེ་མུ་མཐུད་དུ་པོ་ལེ་ཝེ་ཡ་ཕྱོགས་ཀྱིས་རིམས་འགོག་འཐབ་རྩོད་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ཨ་ཨར་སེ་ཡིས་བཤད་དོན། པོ་ལེ་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་ལ་མཛའ་བཤེས་ཟབ་མོ་ཆགས་པར་གཅེས་སྤྲས་བྱེད་པ་དང་། ཕྱོགས་གཉིས་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་པོ་ལེ་ཝེ་ཡ་ཕྱོགས་ཀྱིས་རིམས་ནད་འགོག་བཅོས་བྱེད་པའི་ཐད་ལ་རིན་ཐང་བྲལ་བའི་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་བ་དང་མུ་མཐུད་དུ་ཀྲུང་གོ་ཕྱོགས་ཀྱིས་རོགས་རམ་བྱེད་པར་རེ་བ་བཅངས་ཡོད། པོ་ལེ་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།