ཀྲུང་གོ་བོད་ཀྱི་དྲ་བ།

(བརྙན)རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འཛམ་གླིང་དཔལ་འབྱོར་གླེང་སྟེགས“ཏ་ཝོ་སི་གྲོས་རིམ”དུ་ཞུགས་ཤིང་དམིགས་བསལ་ཤིས་ཚིག་གཏམ་བཤད་མཛད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20210126101114.jpg

བརྙན་ཆ་ཚང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས25ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས“ཏ་ཝོ་སི་གྲོས་རིམ”གླེང་མོལ་ཚོགས་འདུར་ཞུགས་ཤིང《ཕྱོགས་མང་རིང་ལུགས་ཀྱི་འོད་ཟེར་གྱིས་མིའི་རིགས་མདུན་སྐྱོད་ཀྱི་ལམ་བུ་གསལ་བོར་འབྱེད་དགོས》ཞེས་པའི་དམིགས་བསལ་ཤིས་ཚིག་གཏམ་བཤད་མཛད།   

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་འདིར་འཕྲད་པའི་བྱ་གཞི་ཐག་གཅོད་ཡག་པོ་བྱེད་པའི་ཐབས་ལམ་ནི་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་ལེན་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ་དེ་ཡིན། དུས་རབས21པའི་ཕྱོགས་མང་རིང་ལུགས་ཀྱིས་བདེན་སྐྱོང་གསར་གཏོད་དང་མ་འོངས་པར་ཁ་ཕྱོགས་དགོས་པ་མ་ཟད། ཕྱོགས་མང་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་དང་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱ་དགོས་ལ། འཛམ་གླིང་གི་གནས་བབ་འགྱུར་ལྡོག་ལ་རྐང་བཙུགས་ནས། གོ་ལ་ཧྲིལ་བོ་ཅན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བའི་དགོས་མཁོར་ཡང་དམིགས་དགོས། སྒོ་དབྱེ་ཁོག་ཡངས་མཐའ་འཁྱོངས་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་འཛིན་པ་མཐའ་འཁྱོངས་ཀྱིས་གྲོས་མོལ་མཉམ་ལས་དང་དུས་བསྟུན་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས། ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་རིམས་ནད་འགོག་བཅོས་ལ་མཉམ་ལས་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད། ཚན་རྩལ་གསར་གཏོད་ལ་སྐུལ་འདེད། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་བཅས་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་འབད་པ་ལྷོད་མེད་བྱ་རྒྱུ་ཡིན། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།