ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་དབྱི་ལང་གི་གྲོས་དཔོན་ཁ་ལིས་པ་ཧྥུའུ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ1པོའི་ཚེས25ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་དབྱི་ལང་གི་གྲོས་དཔོན་ཁ་ལིས་པ་ཧྥུའུ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་འོག ཀྲུང་གོ་དང་དབྱི་ལང་བར་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་། པྲོག་གས་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ལུའུ་ཧ་ཉི་ལ་ཁ་པར་བཏང་བར་མ་ཟད་ཕན་ཚུན་ལ་འཕྲིན་ཡིག་བསྐུར་བ་དང་འབྲེལ་འདྲིས་དམ་པོ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ལྷག་པར་དུ་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཏོན་པ་དང་། དུས་བབ་གསར་བའི་འོག་ཏུ་ཀྲུང་གོ་དང་དབྱི་ལང་བར་གྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་ཁ་ཕྱོགས་གསལ་བོར་བསྟན། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ནས། ཀྲུང་གོ་དང་དབྱི་ལང་བར་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་ཀྲུང་གོ་དང་དབྱི་ལང་གི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལ་གྲོས་གཞི་བཞི་བཏོན། གཅིག ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། གཉིས། རྒྱུན་མཐུད་སྒོས་རིམས་འགོག་མཉམ་ལས་རྒྱ་བསྐྱེད་དགོས། གསུམ། ཧུར་ཐག་དང་བརྟན་འཇགས་སྒོས་དངོས་གཉེར་མཉམ་ལས་ལག་བསྟར་བྱེད་དགོས། བཞི། འབྲེལ་འདྲིས་དང་རོགས་ལས་མུ་མཐུད་དུ་ཤུགས་སྣོན་དགོས་པ་བཅས་རེད།

ཁ་ལིས་པ་ཧྥུའུ་ཡིས་བཤད་དོན། དབྱི་ལང་དང་ཀྲུང་གོ་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་དང་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། དབྱི་ལང་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་བར་གྱི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། རིམས་འགོག་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པར་མ་ཟད། འཛམ་གླིང་དང་ས་གནས་ཀྱི་གནད་དོན་ཐད་ནས་འབྲེལ་འདྲིས་དང་མཉམ་ལས་བྱེད་པར་ཤུགས་སྣོན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།