ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ1པོའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུསར་ཁང་གི་གློག་འཕྲིན་ལྟར་ན། ་ཏེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་སྤྲད་དེ་གྲོས་ཞིབ་བྱེད་པའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་འཆར་ཟིན་ལ་གྲོས་བསྡུར་བྱས་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་དང་རྩ་གནད་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཡིག་གཉིས་ཀ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ལ་བཀྲམ་ནས་བསམ་འཆར་བསྡུ་ལེན་བྱེད་རྒྱུའི་ཐག་བཅད།

ལིས་ཁི་ཆང་གིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་བྱ་བ་ཡར་ཞུ་བྱེད་པ་དང་མི་དམངས་ཀྱི་ལྟ་རྟོག་དང་ལེན་བྱེད་པ་ནི་རྩ་ཁྲིམས་ལས་གཏན་འཁེལ་བྱས་པའི་འགན་འཁྲི་གལ་ཆེན་ཡིན། སྙན་ཞུ་དང་རྩ་གནད་འཆར་ཟིན་ཟིན་བྲིས་བཟང་བོ་ཞིག་འགོད་སྐབས། ཚང་མའི་བསམ་འཆར་ལ་ཉན་པ་དང་མང་ཚོགས་ཀྱི་བདེ་སྡུག་རྒྱུས་ལོན་བྱས་ནས། འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ད་ལོའི་སྲིད་གཞུང་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ། དེང་སྐབས་རང་རྒྱལ་གྱི་འཕེལ་རྒྱས་མདུན་དུ་སྔར་བཞིན་འགྲན་རྩོད་སྣ་ཚོགས་དང་གཏན་འཁེལ་མིན་པའི་རང་བཞིན་གནས་ཡོད་པས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བཟང་བོ་བྱེད་དགོས་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཚན་རིག་དང་མཐུན་ཞིང་གནད་ལ་ཁེལ་བའི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་དགོས་ལ། ཏན་ཏན་ཏིག་ཏིག་སྒོས་བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ཆེ་ཕྱོགས་སྲིད་ཇུས་ཀྱི་བསྟུད་མར་རང་བཞིན་དང་བརྟན་འཇགས་རང་བཞིན། རྒྱུན་མཐུན་རང་བཞིན སྲུང་འཛིན་བྱེད་པ་དང་། དཔལ་འབྱོར་སླར་གསོའི་དགོས་ངེས་ཀྱི་རྒྱབ་སྐྱོར་ཤུགས་ཚད་སྲུང་འཛིན་བྱེད་པར་མ་ཟད། ཚན་རྩལ་གསར་སྐྲུན་གྱི་ནུས་པ་ཇེ་ཆེར་གཏོང་བ་དང་བཅོས་སྒྱུར་སྒོ་འབྱེད་ལ་ཤུགས་སྣོན་ཞིང་། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་ཁུལ་གནས་སུ་སྲུང་འཛིན་བྱེད་པ་དང་། མང་ཚོགས་ཀྱིས་དོ་སྣང་བྱེད་པའི་གནད་དོན་ཐག་གཅོད་དགོས་ལ། ཉེན་ཁར་དོགས་ཟོན་དང་ཞི་འཇགས་སུ་གཏོང་བ་དང་། བདེ་འཇགས་འཕེལ་རྒྱས་ནུས་པ་མཐོར་འདེགས་སུ་བཏང་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་བ་འགོ་བཟང་བོ་ཞིག་ཚུགས་པར་འགན་སྲུང་བྱེད་དགོས་ཟེར།

ཧན་ཀྲིན་དང་སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལིའུ་ཧི། ཝང་ཡུང་། ཞོ་ཅེ། ཀྲའོ་ཁི་ཀྲི་སོགས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།