ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་ལོ་སྨད་དུ་ཤང་ཀང་གི་དཔལ་འབྱོར་སླར་གསོ་འབྱུང་རྒྱུ་རེད།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2021-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་ནོར་སྲིད་ཟི་ཡི་ཟི་ཀྲང་ཁྲིན་མའོ་པའོ་ཡིས་ཚེས19ཉིན་བཤད་རྒྱུར། 2021ལོའི་ལོ་སྟོད་ལ་ཤང་ཀང་གི་དཔལ་འབྱོར་སྔར་བཞིན་པྲོག་གསར་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་སྲིད་ནའང་ལོ་སྨད་ནས་བཟུང་དཔལ་འབྱོར་སླར་གསོ་འབྱུང་བར་ཡིད་ཆེས་ཡོད་ཅེས་བསྟན།

ཁྲིན་མའོ་པའོ་ཡིས་ཨེ་ཤེ་ཡའི་དངུལ་རྩའི་གླེང་སྟེགས་སྐབས14བའི་སྟེང་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་དུས་བསྟན་དོན། ཤང་ཀང་ནི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གཞི་གྲུབ་ཅིག་ཡིན་པའི་ཆ་ནས་རིམས་ནད་ཀྱི་ཤུགས་རྐྱེན་ལ་གཡོལ་ཐབས་བྲལ་ནའང་། ཐུན་མིན་གྱི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་དང་རྒྱལ་སྤྱིའི་སྦྲེལ་མཐུད་ཀྱི་དངུལ་རྩའི་མ་ལག ཅུང་ལེགས་པའི་ཁྲིམས་སྐྱོང་ལམ་ལུགས། སྔོན་ཐོན་གྱི་ཞབས་ཞུ་ལས་རིགས། རང་དབང་གི་མི་སྣ་དང་དངོས་ཟོག་འཁོར་རྒྱུག་བཅས་ཀྱིས་ཤང་ཀང་གི་མ་འོངས་པའི་དཔལ་འབྱོར་གྱི་མདུན་ལྗོངས་ལ་འོད་སྣང་ལྡན་པ་རེད་ཅེས་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།