ཀྲུང་གོ་བོད་ཀྱི་དྲ་བ།

ལས་བཟོ་བ་ཡོངས་ཀྱིས་ལས་གནས་བརྟན་སྲུང་བྱས་ནས་ལས་ཡུལ་དུ་ལོ་སར་བར་ཁྲིད་སྟོན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ལས་ཞུགས་སྐུལ་འདེད་སི་ཡི་སི་ཀྲང་གཞོན་པ་ཁྲིན་ཡུང་ཅ་ཡིས། ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་ལུགས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་དམངས་སྲིད་པུའུ་སོགས་སྡེ་ཁག་དྲུག་དང་མཉམ་འབྲེལ་སྒོས་ལོ་གསར་གྱི་སྔ་གཞུག་ཏུ“ལོ་གསར་བ་བསུས་ཏེ་ལས་གནས་བརྟན་སྲུང་བྱེད”ཅེས་པའི་ཆེད་དོན་བྱ་འགུལ་སྤེལ་ཏེ།  “སེམས་སྲུང་བ་དང་ལས་གནས་སྲུང་བ།  ལས་ཡུལ་སྲུང་བ།  ལས་མི་ཡོད་པ”བཅས་བྱེད་ཐབས་བཞི་བརྒྱུད་དེ།  ལས་བཟོ་བ་ཡོངས་ཀྱིས་རང་རང་གི་ལས་གནས་བརྟན་སྲུང་བྱས་ནས་ལས་བཟོ་བས་ལས་ཡུལ་དུ་ལོ་སར་བར་སྐུལ་ལྕག་གནང་ནས་མི་སྤྱོད་ལས་ཁུངས་ལ་ལས་བཟོ་བ་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས།

ཁྲིན་ཡུང་ཅ་ཡིས་ས་གནས་ཁག་གིས་རྣམ་པ་མང་པོས “དྲོད་ཁོལ་བསྐྱལ་བ”དང་ཐུན་མོང་གིས་ལོ་སར་བར་ཁྲིད་སྟོན་བྱས་སྟེ།  ཁེ་ལས་དག་གིས “ལས་གནས་བརྟན་སྲུང་བྱས་ན་བྱ་དགའ་སྟེར་བ”དང“ལོ་གསར་གྱི་ལེགས་སྐྱེས”འབུལ་བར་སྐུལ་མ་བཏང་ནས་རིག་གནས་རོལ་རྩེད་བྱ་འགུལ་སྤེལ་རྒྱུར་བཀོད་སྒྲིག་བྱེད་དགོས་པ་མ་ཟད།  གླ་ཕོགས་དང་གུང་གསེང་སོགས་ཀྱི་གླ་ཆར་ཁག་ཐེག་བྱེད་དགོས་ཞེས་བསྟན།

དེ་དང་མཉམ་དུ།  ཁེ་ལས་དག་གིས་ལུགས་མཐུན་སྒོས་ཐོན་སྐྱེད་བཀོད་སྒྲིག་དང་ལས་བྱོལ་གུང་གསེང་བཀོད་སྒྲིག་བྱས་ཏེ། ལས་ཤོར་འགན་སྲུང་དང་ལས་རིགས་གསོ་སྦྱོང་ཁ་གསབ་སོགས་ཀྱི་སྲིད་ཇུས་དངོས་འབེབས་གང་ལེགས་བྱེད་པ་དང་། ཉེན་ཁའི་ས་ཁུལ་དང་གཙོ་གནད་ལས་རིགས་ཀྱི་ལས་བཟོ་བར་གསོ་སྦྱོང་བྱེད་རྒྱུར་རྒྱུན་འཁྱོངས་བྱེད་དགོས།  སྲིད་ཇུས་ཀྱི་རོགས་སྐྱོར་བརྒྱུད་དེ་ཁེ་ལས་དག་གིས་ལས་གནས་དང་གླ་ཕོགས་ཀྱིས་ལས་བཟོ་བ་འགུག་དགོས།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།