ཡུལ་ལ་ལོག་པའི་མི་སྣས་ཉིན7གྱི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཡིན་པའི་དཔང་ཡིག་འདོན་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་རིམས་འགོག་ཅུའུ་ཡི་ལྟ་སྐུལ་ཆེད་བཏང་མི་སྣ་ཝང་པེན་གྱིས་ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལས་ཁུངས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་དུ་བསྟན་དོན། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོས་ཤང་ནས་དཔེ་ལེན་དང་རྫོང་ནས་ཚད་འཇལ། ཚད་འཇལ་ལས་ཁུངས་ཀྱི་མ་དཔེ་འབྱོར་རྗེས་ཀྱི་ཆུ་ཚོད12ནང་མཇུག་འབྲས་ཕྱིར་འདྲེན་བྱེད་དགོས། ངེས་པར་དུ་ཡུལ་ལ་ལོག་དགོས་ན། ཡུལ་ལ་ལོག་པའི་མི་སྣས་ཉིན7ནང་གི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཡིན་པའི་དཔང་ཡིག་བཟུང་སྟེ་ཡུལ་ལ་ལོག་དགོས་པ་དང་། དུས་མཚུངས་སུ་ཡུལ་ལ་ལོག་པའི་མི་སྣ་དག་ས་གནས་སྲིད་གཞུང་གིས་དྲ་མིག་ཅན་གྱི་དོ་དམ་བྱ་དགོས་ལ། ལོག་སུ་བགར་གནས་དང་བརྟག་དཔྱད་ཚད་ལེན་བྱེད་པར་གྲ་སྒྲིག་གང་ལེགས་བྱེད་དགོས། གལ་ཏེ་རིམས་ནད་ཐོན་པ་ན་མྱུར་དུ་ཁ་གཏད་འཇལ་ཐུབ་དགོས།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།