ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ཕྱི་འབྲེལ་ལས་དོན་ལ་ལོ100འཁོར་བའམ་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་བཙུགས་ནས་ལོ70འཁོར་བར་དྲན་གསོའི་ཚོགས་ཆེན་པེ་ཅིང་དུ་འཚོགས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ཕྱི་འབྲེལ་ལས་དོན་ལ་ལོ100འཁོར་བ་དང་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་བཙུགས་ནས་ལོ70འཁོར་བའི་དྲན་གསོའི་ཚོགས་ཆེན་ཚེས18ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་ཤིང་གསུང་བཤད་གནང་བ་རེད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“འདུ་ཤེས་བཞི”ཇེ་ཟབ་དང“གདེང་ཚོད་བཞི”སྲ་བརྟན་དུ་བཏང་ནས“སྲུང་སྐྱོང་གཉིས”བྱེད་ཐུབ་བྱེད་དགོས་ལ། གཞུང་དྲང་གསར་གཏོད་དང་གསར་འབྱེད་ཡར་བརྩོན་གྱིས་དུས་རབས་གསར་པའི་ཏང་གི་ཕྱི་འབྲེལ་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་ཞིང་ཆེ་བ་ཕུལ་ནས་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་དགོས།

ཟླ1པའི་ཚེས18ཉིན། ཏང་གི་ཕྱི་འབྲེལ་ལས་དོན་ལ་ལོ100འཁོར་བའམ་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་བཙུགས་ནས་ལོ70འཁོར་བའི་དྲན་གསོའི་ཚོགས་ཆེན་པེ་ཅིང་དུ་འཚོགས། 

ཝང་ཧུའུ་ཉིང་གིས་གསུང་བཤད་གནང་སྐབས་ཏང་གི་ཕྱི་འབྲེལ་ལས་དོན་གྱི་ལོ100ཡི་ནང་བརྒྱུད་མྱོང་བའི་སྤྱིར་བཏང་མིན་པའི་ལོ་རྒྱུས་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱིར་དྲན་གནང་བ་རེད། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་གི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱས་ཤིང་། ཏང་གི་ཕྱི་འབྲེལ་ལས་དོན་ལ་ཤུགས་སྣོན་རྒྱག་པར་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན། འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབ་པ་དེ་ནི་དུས་རབས་གསར་པའི་ཏང་གི་ཕྱི་འབྲེལ་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ལག་བསྟར་དོན་འཁྱོལ་བྱ་བར་ནན་འཛིན་ཡག་པོ་བྱེད་དགོས། 

ཝང་ཧུའུ་ཉིང་གིས་བསྟན་དོན། དུས་རབས་གསར་པའི་ཏང་གི་ཕྱི་འབྲེལ་ལས་དོན་ཡག་པོར་སྒྲུབ་པར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ཡག་པོ་བརྗོད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་རེའི་ཏང་ལ་ངོས་ཤེས་དང་ཁས་ལེན། ངོས་འཛིན་གཅིག་མཐུན་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་ཏང་གི་འབྲེལ་བ་གསར་པ་འཛུགས་པའི་དར་ཆ་མཐོན་པོར་བསྒྲེངས་ནས་ལས་ཀའི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་བཏང་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་ཏང་དང་འབྲེལ་འདྲིས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་སྲིད་ཏང་གི་རོགས་ཟླའི་འབྲེལ་བའི་དྲ་རྒྱ་ཇེ་ཆེར་གཏོང་དགོས། རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱིའི་ཁྲོད་ཀྱི་ཏང་གི་ཕྱི་ཕྱོགས་ལས་དོན་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། ལས་ཀའི་འཇུག་སྒོ་དང་ཤུགས་རྒྱག་ས་ཡང་དག་པའི་སྒོ་ནས་བཙལ་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ལ་སྔར་བས་ལེགས་པའི་ཞབས་འདེགས་དང་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་ནུས་པ་འཛུགས་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཏང་གི་ཕྱི་ཕྱོགས་ལས་དོན་དཔུང་ཁག་འཛུགས་སྐྱོང་ལ་ནན་འཛིན་ཡག་པོ་བྱས་ཏེ་ཆབ་སྲིད་བརྟན་པོ་དང་ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ། སྒྲིག་ཁྲིམས་ནན་སྲུང་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས།  

ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ལས་བྱེད་ལས་བཟོ་བའི་འཐུས་མི་དྲན་གསོའི་ཚོགས་ཆེན་ལ་ཞུགས། 

ཚོགས་འདུ་མ་འཚོག་གོང་ཝང་ཧུའུ་ཉིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཕྱི་འབྲེལ་ལས་དོན་གྱི་པར་རིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།