ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའིGDPཐོག་དང་པོར་དུང་ཕྱུར་ཁྲི100ལས་བརྒལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཚོགས་འདུའི་ཐོག་བསྒྲགས་དོན། རགས་རྩིས་བྱས་པ་བརྒྱུད། །    2020ལོར་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར1015986ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན་ལོ་གོང་མ་ལས2.3%འཕར་ཡོད་པ་རེད། དུས་ཚིགས་ལྟར་བལྟས་ཚེ་དུས་ཚིགས་དང་པོར་དུས་མཚུངས་ལས6.8%ཆག་པ་དང་། དུས་ཚིགས་གཉིས་པར3.2%འཕར། དུས་ཚིགས་གསུམ་པར4.9%འཕར། དུས་ཚིགས་བཞི་པར6.5%འཕར་བ་བཅས་རེད། ཐོན་ལས་ལྟར་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར77754ཟིན་པ་དེ་ལོ་སྔོན་མ་ལས3.0%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར384255ཟིན་ནས2.6%འཕར། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར553977ཟིན་ནས2.1%འཕར་ཡོད།     །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།