ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཧྥེ་ལེ་པེན་གྱི་ཕྱི་འབྲེལ་བློན་ཆེན་ལོ་ཆན་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་དཔོན་པོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱི་ཡིས་ཚེས་བཅུ་དྲུག་ཉིན་མཱ་ནེ་ལཱ་ནས་ཧྥེ་ལེ་པེན་གྱི་ཕྱི་འབྲེལ་བློན་ཆེན་ལོ་ཆན་དང་གྲོས་མོལ་བྱས། 

ཝང་དབྱི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཧྥེ་ལེ་པེན་གྱིས་ན་ནིང་མཉམ་དུ་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔ་འགོར་བར་རྟེན་འབྲེལ་ཞུས། ང་ཚོས་དཔུང་བ་མཉམ་གཤིབ་ཀྱིས་དཀའ་སྡུག་ཁྱད་དུ་སེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ཉམས་སད་སྣ་ཚོགས་ཐེག་ཡོད་ལ། ཁྱད་པར་དུ་ཀྲུང་གོ་དང་ཧྥེ་ལེ་པེན་མི་དམངས་ཀྱི་མཛའ་བཤེས་ལ་ལག་རྡང་སྦྲེལ་ནས་རིམས་ནད་འགོག་བཅོས་བྱེད་པའི་ཁྲོད་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཉིས་སྟོང་ཉེར་གཅིག་ལོའི་མགོ་རྩོམ་ས་གསར་བར་འབྲངས་ཏེ་ཕྱོགས་གཉིས་ཀྱིས་སྔ་མོ་ནས་ལོ་ཧྲིལ་བོའི་བརྗེ་རེས་མཉམ་ལས་ལ་འཆར་འགོད་བྱེད་པ་དང་། མཉམ་དུ་རིམས་འགོག་དང་དཔལ་འབྱོར་སླར་གསོ་ལ་ཡར་སྐུལ་བྱེད་པ་གཙོར་བཟུང་སྟེ། སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ཟབ་མོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་འཆར་འགོད་ཀྱི་བཞུད་ལམ་དུ་བགྲོད་དེ། ཀྲུང་གོ་དང་ཧྥེ་ལེ་པེན་བར་གྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་འབྲེལ་བར་གྲུབ་འབྲས་སྔར་ལས་མང་བོ་ཐོབ་པ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར། 

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་ཧྥེ་ལེ་པེན་ནི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ཕན་ཚུན་རོགས་རམ་བྱེད་པའི་སྲོལ་རྒྱུན་ལྡན་པ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཧྥེ་ལེ་པེན་ཕྱོགས་ལ་འགོག་སྨན་གྱི་རོགས་སྐྱོར་བྱེད་པར་ཐག་བཅད་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཧྥེ་ལེ་པེན་ཕྱོགས་བར་འགོག་སྨན་གྱི་མཉམ་ལས་ལ་གྲོས་མོལ་བྱས་ཏེ། ཧྥེ་ལེ་པེན་ཕྱོགས་རིམས་ནད་ལས་རྣམ་པར་རྒྱལ་ཁབ་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་བཏང་། ཉེ་བའི་ལོ་གཉིས་ཀྱི་རིང་ལ་རྒྱལ་ཁབ་གཉིས་ཀྱི་ལས་གཞི་ཆེན་མོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་ཀྱིས་ལས་གཞི་བཅུ་གཅིག་ཡོངས་འགྲུབ་བྱས་པ་དང་། མི་འགྱངས་པར་ལས་གཞི་བཅུ་གཉིས་ལག་བསྟར་བྱེད་རྒྱུ་ཡིན་ལ། ལས་གཞི་བཅུ་གཉིས་ལ་གྲོས་བསྡུར་བྱེད་བཞིན་པའི་སྒང་ཡིན་ཟེར། ཀྲུང་གོའི་ཕྱོགས་ཀྱིས་ཧྥེ་ལེ་པེན་ཕྱོགས་དང་མཉམ་དུ་བརྒྱུད་གཅིག་ལམ་གཅིག་གི་འདོད་བློ་དང་རྒྱ་བསྐྱེད་འཛུགས་སྐྲུན་གྱི་འཆར་འགོད་སྦྲེལ་མཐུན་གཏིང་ཟབ་ཏུ་སྤེལ་བ་དང་། ཉོ་ཚོང་རང་དབང་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོར་འདེགས་བྱེད་པ། རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་ལས་དང་དངུལ་ལོར་སོགས་མཉམ་ལས་ཀྱི་འཕར་སྣོན་གསར་བ་གསོ་སྤེལ་བྱས་ཏེ། འཕེལ་རྒྱས་ཀྱི་གོ་སྐབས་དང་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱེད་འདོད་ཡོད་ཟེར། 

ལོ་ཆན་གྱིས་བསྟན་དོན། ཧྥེ་ལེ་པེན་དང་ཀྲུང་གོའི་འབྲེལ་བ་ནི་བདག་དབང་རྒྱལ་ཁབ་གཉིས་བར་གྱི་འདྲ་མཉམ་མཉམ་གནས་དང་གཉིས་ཕན་གཉིས་རྒྱལ་གྱི་འབྲེལ་བ་བཟང་བོ་ཞིག་ཡིན་ལ། ཧྥེ་ལེ་པེན་གྱི་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་སྣེ་ཁྲིད་འོག ཕྱོགས་གཉིས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་སེལ་ནས་དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་བསྟུད་མར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམ་ཟབ་ཀྱི་ཚད་མངོན་པར་བྱས་ཡོད། ཧྥེ་ལེ་པེན་ཕྱོགས་ཀྱིས་ཀྲུང་གོས་འགོག་སྨན་དང་བཅས་པའི་རིམས་འགོག་དངོས་རྫས་མང་བོས་ཧྥེ་ལེ་པེན་ལ་རྒྱབ་སྐྱོར་བྱས་པ་དང་། ཧྥེ་ལེ་པེན་བར་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། ཀྲུང་གོའི་བར་གྱི་འགོག་སྨན་གྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བྱེད་འདོད་ཡོད་པར་མ་ཟད། ཧྥེ་ལེ་པེན་དང་ཀྲུང་གོའི་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། མཉམ་ལས་ལ་ཤུགས་སྣོན་པ། མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། 

ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དགོས་ངེས་མི་སྣའི་འགྲོ་འོང་གི་མྱུར་བགྲོད་རྒྱུ་ལམ་བཏོད་རྒྱུ་ཁྱབ་སྒྲོག་བྱས། 

ཕྱོགས་གཉིས་ཀྱིས་ད་རུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས། གྲོས་མོལ་བྱས་རྗེས་ཕྱོགས་གཉིས་མཉམ་དུ་འབྲེལ་ཡོད་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས་པར་མ་ཟད་ཀྲུང་གོའི་དངུལ་གི་ཧྥེ་ལེ་པེན་གྱི་མི་དམངས་ཤོག་སྒོར་བྱེད་སྒོའི་ཞིབ་རྩིས་དངུལ་ཁང་གི་ཡོལ་རས་ཕྱེས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།