ཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་གི་ཟླ11པར་མི་ཁྲི1.8ཙམ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་འགལ་བས་ཁྲིམས་ཐག་བཅད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2020ལོའི་ཟླ12པའི་ཚེས24ཉིན། ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་སྟེང་ཡོངས་བསྒྲགས་བྱས་པ་ལྟར་ན། 2020ལོའི་ཟླ11པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་འགལ་བའི་གནད་དོན་བསྡོམས་པས12472ཞིབ་བཤེར་ཐག་གཅོད་བྱས་པ་དང་།མི17989ཐག་གཅོད་བྱས་པ(དེའི་ནང་ཐིང་རིམ་པའི་ལས་བྱེད་པ51དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ943འདུས)དང་། མི11904ལ་ཏང་གི་སྒྲིག་ཁྲིམས་སྲིད་དོན་གྱི་ཆད་པ་བཅད་པ་རེད།

བརྡ་ཁྱབ་ལྟར་ན།2020ལོའི་ཟླ11པར་རྒྱལ་ཡོངས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁྱོན་བསྡོམས6454རྩད་ཞིབ་ཐག་གཅོད་བྱས་ཏེ། མི9630རྩད་གཅོད་བྱས་ཡོད། དེའི་ནང་དུ“རང་འགན་གཙང་སྒྲུབ་དང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཞབས་འདེགས་ཞུ་བའི་ཐད་འགན་མི་འཁུར་བ་དང་། བྱ་བ་མི་སྒྲུབ་པ་དང་གང་འདོད་དུ་སྒྲུབ་པ།བྱ་བ་རྫུན་མ་སྒྲུབ་པ་བཅས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་ཤུགས་རྐྱེན་ཚབས་ཆེན་བཟོས་པ”ཡི་ཕྱོགས་ཀྱི་གནད་དོན་ཆེས་མང་བས།གནད་དོན5136ཞིབ་བཤེར་ཐག་གཅོད་བྱས་པ་དང་།མི7588ཐག་གཅོད་བྱས་པ་རེད།

བརྡ་ཁྱབ་བཏང་བ་ལྟར་ན། 2020ལོའི་ཟླ11པར་རྒྱལ་ཡོངས་སུ་སྤྲོ་སྣང་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྲོལ་ངན་གནད་དོན་ཁྱོན་བསྡོམས6018རྩད་ཞིབ་ཐག་གཅོད་བྱས་ཏེ། མི8359ཐག་གཅོད་བྱས་ཡོད།དེའི་ནང་དུ་སྒྲིག་འགལ་སྒོས་ཁྱད་ལྡན་ཐོན་རྫས་རྩ་ཆེན་དང་ལེགས་སྐྱེས་དང་ལེན་བྱས་པའི་གནད་དོན1708ཡོད་པ་དང་།སྒྲིག་འགལ་ངང་ཁ་གསབ་མ་དངུལ་ལམ་འཚོ་ཕན་བྱིན་པའི་གནད་དོན1510དང་།སྒྲིག་འགལ་ངང་ཟ་འཐུང་བྱས་པའི་གནད་དོན1136ཡོད་པ་ཚང་མ་ཞིབ་བཤེར་ཐག་གཅོད་བྱས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།