ཀྲུང་གོ་བོད་ཀྱི་དྲ་བ།

འབྲི་ཆུའི་ཁྲུང་ཆིན་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུད་མཐུད་ངང་ཇེ་ལེགས་སུ་སོང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་བའི་ལོ་འགའི་རིང་། ཁྲུང་ཆིན་གྱིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱ་ལྟར། “ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོ་བྱེད་པ་དང་གསར་སྤེལ་ཆེན་པོ་མི་བྱེད་པའི”བྱེད་ཕྱོགས་དོན་འཁྱོལ་ནན་ཏན་བྱས་ཏེ་སྐྱེ་ཁམས་སླར་གསོ་ལ་ཤུགས་སྣོན་རྒྱབ་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭའི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་། འབྲི་ཆུའི་ཁྲུང་ཆིང་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་ནས་“རི་བོ་སྔོ་ཞིང་ཆུ་བོ་དྭངས་བའི་མཛེས་སྡུག་ལྡན་ས”ཞེས་པ་ཁྲུང་ཆིང་གི་བཀྲག་མདངས་འཚེར་བའི་མིང་བྱང་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།