ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར་ན། རང་རྒྱལ་གྱི་ཤེས་བྱའི་བདག་དབང་ལྡན་པའི་གནམ་གཤིས་ལ་ཤུགས་རྐྱེན་ཐུབ་པའི་མི་མེད་གནམ་གྲུ“གྲུ་ཆར་དང་པོ”ཐོག་དང་པོར་ཀན་སུའུ་ཞིང་ཆེན་ཅིན་ཁྲང་ཅིན་ཁྲོན་གནམ་ཐང་ནས་འཕུར་སྐྱོད་བྱས། ངོ་སྤྲོད་བྱས་པ་ལྟར་ན། “གྲུ་ཆར་དང་པོ”ལ་རྒྱང་ཐག་རིང་བའི་གནམ་གཤིས་ཚད་འཇལ་ནུས་བ་དང་མཁའ་རླུང་ཆེན་མོ་གྲངས་གཞི་འཚོལ་བསྡུའི་ནུས་པ། ཆར་འབེབ་འགྱུར་སྐུལ་ནུས་བ་ལྡན་ལ། དེ་དང་མཉམ་དུ་དར་འདོན་ནུས་བ་ལྡན་ཞིང་། རྙོག་འཛིང་ཆེ་བའི་གནམ་གཤིས་འོག་མུ་མཐུད་དུ་བྱ་བ་སྒྲུབ་ཐུབ།
པར་འདི་དག་ནི“གྲུ་ཆར་དང་པོ”འཕུར་སྐྱོད་དང་འཕུར་སྐྱོད་སྔོན་གྱི་གྲ་སྒྲིག་བྱ་བ་སྤེལ་བཞིན་པའི་ཚུལ་རེད།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
རང་རྒྱལ་གྱི་ཤེས་བྱའི་བདག་དབང་ལྡན་པའི་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་མི་མེད་གནམ་གྲུ“གྲུ་ཆར་དང་པོ”ཐོག་དང་པོར་འཕུར་སྐྱོད་ལེགས་གྲུབ་བྱུང་།