ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་རྩ་འཛུགས་འདེམས་བསྐོ་བྱ་བའི་སྲོལ་ཡིག་ཅེས་པ་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་རྩ་འཛུགས་འདེམས་བསྐོ་བྱ་བའི་སྲོལ་ཡིག་ཅེས་པ་དཔར་ནས་བཀྲམ་པར་མ་ཟད། བརྡ་ཐོ་བཏང་ནས་ས་གནས་དང་སྡེ་ཁག་སོ་སོས་ནན་ཏན་སྒོས་སྲོལ་ཡིག་བརྩི་སྲུང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་ཐོ་ལས་བསྟན་དོན། སྲོལ་ཡིག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཏང་གི་སྒྲིག་ཡིག་གཞི་རྩའི་བསྲུང་བྱར་འཛིན་རྒྱུ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དངོས་འབེབས་དོན་འཁྱོལ་བྱེད་པ་བཅས་ནི། དུས་རབས་གསར་པའི་ཏང་གི་ས་གནས་རྩ་འཛུགས་འདེམས་བསྐོ་བྱ་བའི་གཞི་རྩའི་བསྲུང་བྱ་ཡིན། སྲོལ་ཡིག་གི་གཏན་འབེབས་དང་ལག་བསྟར་བྱས་པ་དེ་ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་དེར་ཤུགས་སྣོན་པ་དང་། ཏང་གི་ཐུན་མོང་གཅིག་བསྡུས་ཀྱི་རྩ་འཛུགས་ལམ་ལུགས་ལ་སྲུང་སྐྱོབ་བྱེད་པ། ཏང་གི་ས་གནས་རྩ་འཛུགས་འདེམས་བསྐོ་ཚད་ལྡན་ཅན་དུ་གཏོང་བ། ཏང་གི་ས་གནས་རྩ་འཛུགས་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པ། ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ནུས་པ་ཇེ་མཐོར་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།