ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་པར་འགྲེམས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)པར་འགྲེམས་བྱས་པ་དང་། ས་ཁུལ་སོ་སོའི་སྡེ་ཁག་གིས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་བསྟན་དོན། 2015ལོའི་ཟླ5པར་ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས་པ་དང་། དེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད།     ཏང་ཀྲུང་དབྱང་གིས་གནས་བབ་གསར་བ་དང་ལས་འགན་གསར་བ།    བླང་བྱ་གསར་པ་བཅས་ལ་གཞིགས་ནས་བཟོ་བཅོས་བརྒྱབ་ཡོད།     ཐེངས་འདིར་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ནང་།     ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ།     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱས་ནས།     ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་་མཐའ་འཁྱོངས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།    འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་དགོངས་དོན་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ།    འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚན་རིག་ཅན་དང་ཚད་ལྡན་ཅན།    ལམ་ལུགས་ཅན་བཅས་ཀྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་ནི་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གཞི་རྩའི་བསྲུང་བྱ་ཞིག་ཡིན།     《སྲོལ་ཡིག》ལ་བཟོ་བཅོས་དང་ལག་བསྟར་བྱས་པ་དེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་ལྡན་པའི་རྒྱབ་སྐྱོར་མཁོ་འདོན་བྱ་རྒྱུའི་དོན་སྙིང་གལ་ཆེན་ལྡན།

བརྡ་ཐོའི་ནང་། རིམ་པ་ཁག་གི་ཏང་ཨུ(ཏང་ཙུའུ)ཡིས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས། ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཁྱོན་ཡོངས་ནས་འཁྲུལ་མེད་ངང་སློབ་སྦྱོང་དང་གོ་བ་ལེན་པ། འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པའི་གཙོ་ཁྲིད་འགན་འཁྲི་ནན་ཏན་སྒྲུབ་པ།    འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་ཡག་པོ་གཏོང་བ།    འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྤེལ་བ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་དགེ་མཚན་ལྡན་པའི་ཆ་རྐྱེན་འདོན་དགོས། 《སྲོལ་ཡིག》སློབ་སྦྱོང་དྲིལ་བསྒྲགས་དང་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་དམ་འཛིན་བྱས་ནས་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས།     ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ《སྲོལ་ཡིག》གི་གཏན་འབེབས་ཁག་ནུས་ལྡན་ངང་ལག་བསྟར་དང་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས།     ས་ཁུལ་ཁག་དང་སྡེ་ཁག་ཁག་གིས《སྲོལ་ཡིག》ལག་བསྟར་བྱེད་རིང་གི་གནས་ཚུལ་དང་གྲོས་འགོ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།   །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།