ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིན་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་གི་མི་སྣའི་གཉེན་སྒྲིག་དོ་དམ་སྐོར་གྱི་གཏན་འབབ་འགའ་ཞིག》འགྲེམས་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་འགོད་དེ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིན་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་གི་མི་སྣའི་གཉེན་སྒྲིག་དོ་དམ་སྐོར་གྱི་གཏན་འབབ་འགའ་ཞིག》འགྲེམས་སྤེལ་བྱས་ཤིང་། 2021ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 

གསར་དུ་བཟོ་བཅོས་བརྒྱབ་པའི《གཏན་འབེབས》ནང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་།》ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་ཁབ་དང་དམག་དཔུང་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས། མི་གཞི་རྩར་འཛིན་པ་རྒྱུན་འཁྱོངས་དང་། འབུར་དུ་ཐོན་པའི་གནད་དོན་གྱི་ཁྲིད་ཕྱོགས། དམག་དཔུང་མི་སྣའི་གཉེན་སྒྲིག་དོ་དམ་བྱ་བ་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་རྒྱག་དགོས། 

གསར་དུ་བཟོ་བཅོས་བརྒྱབ་པའི《གཏན་འབེབས》ལ་ཁྱོན་བསྡོམས་ལེའུ5དང་དོན་ཚན26ཡོད། བཟོ་བཅོས་བརྒྱབ་པའི་ནང་དོན་གཙོ་བོ་ནི་དམག་དཔུང་གི་མི་སྣའི་ཐོག་མའི་གཉེན་སྒྲིག་གི་ལོ་ཚད་ལེགས་སྒྲིག་བྱས་པ་དང་། དམག་མིས་བཅའ་སྡོད་བྱ་ཡུལ་ལམ་ཡང་ན་དམག་དཔུང་ནང་ཁུལ་དུ་གཉེན་སྒྲིག་བྱ་ཡུལ་འཚོལ་བའི་ལོ་ཚད་ཀྱི་ཚོད་འཛིན་མེད་པར་བཟོས་ནས། “དམག་དཔུང་གི་མི་སྣའི་གཉེན་སྒྲིག་གི་ལོ་ཚད་ཁ་གསལ་བཟོས་ཏེ་སྐྱེས་པ་རང་ལོ22དང་བུད་མེད་རང་ལོ20ལས་སྔ་མི་རུང”བ་དང་། “འོས་འགན་དམག་མིས་དངོས་ཞབས་ཞུ་བའི་རིང་ལ་གཉེན་སྒྲིག་བྱ་རྒྱུའི་རེ་འདུན་ཞུས་མི་ཆོག་པ་དང་། དམག་དཔུང་གི་སློབ་གྲྭའི་སློབ་མའི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་ཏུ་སློབ་སྦྱོང་བྱེད་པའི་རིང་ལ་གཉེན་སྒྲིག་བྱ་རྒྱུའི་རེ་འདུན་ཞུས་མི་ཆོག”   དམག་དཔུང་གི་མི་སྣའི་གཉེན་སྒྲིག་བྱ་ཡུལ་དང་གཉེན་སྒྲིག་བྱས་མི་ཆོག་པའི་གནས་ཚུལ་ཁ་གསལ་བཟོས་ཏེ། དངོས་ཞབས་དམག་མི་དང་ཞི་བའི་ལས་འགན་འཁུར་མཁན། དམག་དཔུང་གིས་དོ་དམ་བྱེད་པའི་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣ་སོགས་ལ་དབྱེ་འབྱེད་གཏན་འབེབས་བྱས་ཡོད། རིགས་མི་འདྲ་བའི་དམག་དཔུང་གི་མི་སྣས་གཉེན་སྒྲིག་དང་བཟའ་ཚང་འཐོར་བའི་རེ་འདུན་ཞུ་སྟངས་དང་ཞིབ་བཤེར་ཆོག་མཆན་འགོད་པའི་དབང་ཚད་སོགས་ཚད་ལྡན་དུ་བཏང་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།