ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཐུན་མོང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མ་ལག་འཛུགས་སྐྲུན་བྱེད་པ》ཞེས་པ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2021ལོའི་ཟླ1པོའི་ཚེས1ཉིན་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་དང་པོའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི2017ལོའི་ཟླ1པོའི་ཚེས18ཉིན་མཉམ་འབྲེལ་རྒྱལ་ཚོགས་རེ་ནེ་ཝ་སྤྱི་ཁྱབ་པུའུ་ནས་གསུངས་པའི《ཐུན་མོང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་སྐྲུན་བྱེད་པ》ཞེས་པ་སྤེལ།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། མིའི་རིགས་ནི་འཕེལ་རྒྱས་ཆེན་པོ་དང་འཕོ་འགྱུར་ཆེན་པོ། ལེགས་སྒྲིག་ཆེན་པོའི་དུས་སུ་གནས་ཡོད་པ་དང་། འགྲན་སློང་རྒྱུན་ཆད་མེད་པ་དང་ཉེན་ཁ་ཉིན་བཞིན་ཆེ་རུ་འགྲོ་བའི་དུས་རབས་སུ་གནས་ཡོད། འཛམ་གླིང་ལ་ག་རེ་བྱས་སོང་། ང་ཚོས་ག་འདྲ་བྱེད་དགོས། འདི་ནི་འཛམ་གླིང་ཡོངས་ཀྱིས་བསམ་བློ་གཏོང་བཞིན་པའི་གནད་དོན་ཞིག་ཡིན་ལ། ངས་རྣམ་ཀུན་བསམ་གཞིགས་བྱེད་བཞིན་པའི་གནད་དོན་ཞིག་ཀྱང་ཡིན། ཞི་བདེའི་མེ་སོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པ། དཔལ་ཡོན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བར་བྱེད་པ་བཅས་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རེ་སྒུག་ཡིན་ལ། ང་ཚོ་མི་རབས་འདིའི་ཆབ་སྲིད་པ་རྣམས་ཀྱི་འགན་འཁྲིའང་ཡིན། ཀྲུང་གོའི་ཇུས་གཞི་ནི་ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མ་ལག་འཛུགས་སྐྲུན་བྱས་ཏེ་རྒྱལ་ཁ་དང་ཁེ་ཕན་མཉམ་སྤྱོད་མངོན་འགྱུར་ཡོང་བར་བྱ་རྒྱུ་དེ་ཡིན།

རྩོམ་ཡིག་ནང་བསྟན་དོན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མ་ལག་འཛུགས་སྐྲུན་བྱེད་པའི་རྩ་བ་ནི་འགུལ་སྐྱོད་དང་ལག་ལེན་ལ་རེག་ལས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་ཟླའི་འབྲེལ་བ་དང་བདེ་འཇགས་ཆགས་སྟངས། དཔལ་འབྱོར་འཕེལ་རྒྱས། ཤེས་རིག་སྤེལ་རེས། སྐྱེ་ཁམས་ལེགས་སྐྱོང་ལ་སོགས་པའི་ཐད་འབད་བརྩོན་བྱ་དགོས། གླེང་མོལ་དང་གྲོས་མོལ་མཐའ་འཁྱོངས་བྱས་ནས་ཞི་བདེ་ཡུན་བརྟན་གྱི་འཛམ་གླིང་ཞིག་བསྐྲུན་དགོས། མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས་བདེ་འཇགས་ལྡན་པའི་འཛམ་གླིང་ཞིག་བསྐྲུན་དགོས། མཉམ་ལས་མཉམ་རྒྱལ་མཐའ་འཁྱོངས་བྱས་ནས་ཐུན་མོང་དར་རྒྱས་ཡོང་བའི་འཛམ་གླིང་ཞིག་འཛུགས་སྐྱོང་བྱ་དགོས། མཉམ་མྱོང་བརྗེ་རེས་ཀྱིས་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྒོ་འབྱེད་ཁོང་ཡངས་ཀྱི་འཛམ་གླིང་ཞིག་བསྐྲུན་དགོས། ལྗང་མདོག་ཐཱན་ཉུང་མཐའ་འཁྱོངས་བྱས་ནས་དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་དགོས།

རྩོམ་ཡིག་ནང་འཛམ་གླིང་ཡག་པོ་བྱུང་ན་གཞི་ནས་ཀྲུང་གོ་ཡག་པོ་ཡོང་ཐུབ་པ་དང་། ཀྲུང་གོ་ཡག་པོ་བྱུང་ན་གཞི་ནས་འཛམ་གླིང་དེ་བས་ལེགས་པོ་ཡོང་ཐུབ། འབྱུང་འགྱུར་ལ་ཁ་ཕྱོགས་པར། དང་པོ། ཀྲུང་གོས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་ཆོད་སེམས་ལ་འགྱུར་བ་མེད། གཉིས་པ། ཀྲུང་གོས་ཐུན་མོང་ཐོག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་ཆོད་སེམས་ལ་འགྱུར་བ་གཏོང་མི་སྲིད། གསུམ་པ། ཀྲུང་གོས་རོགས་ཟླའི་འབྲེལ་བ་འཛུགས་པའི་ཆོད་སེམས་ལ་འགྱུར་བ་གཏོང་མི་སྲིད། བཞི་པ། ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་ལ་འགྱུར་བ་གཏོང་མི་སྲིད།

རྩོམ་ཡིག་ནང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མ་ལག་བསྐྲུན་རྒྱུ་ནི་མཛེས་སྡུག་ལྡན་པའི་དམིགས་ཚད་ཅིག་ཡིན་ལ། མི་རབས་ནས་མི་རབས་བར་རྒྱུན་མཐུད་ངང་ཧུར་བརྩོན་བྱས་ཚེ་ད་གཟོད་མངོན་འགྱུར་ཐུབ་པའི་དམིགས་ཚད་ཅིག་ཀྱང་རེད།     ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཆེའི་ཁོངས་མིའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས།    སྒྲིག་གཞི་བཅས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མ་ལག་གཏོད་པའི་རླབས་ཆེན་འཕེལ་རིམ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད། ། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།